མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དར་ལག་རྫོང་དང་ཐེམ་ཆེན་རྫོང་གཉིས་ཀྱིས་སློབ་གསོའི་མཉམ་མྱོང་ཐད་ནས་ཕན་ཚུན་བར་དུ་བསམ་བློ་བརྗེ་རེས་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-06 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་འབྲེལ་ཡོད་འགོ་ཁྲིད་སྐོར་ཞིག་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་སོང་ནས་སློབ་གསོའི་བྱ་བའི་ཉམས་མྱོང་ཕྱོགས་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས།

ཐོག་མར། དར་ལག་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དག་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་སོང་སྟེ། སློབ་གྲྭའི་སྤྱིའི་ཁོར་ཡུག་དང་། སློབ་མའི་ཉལ་ཁང་། སློབ་ཁང་། ཟ་ཁང་། དཔེ་མཛོད་ཁང་། སློབ་མའི་ལག་བཟོའི་མཛེས་རྩལ་ཁང་སོགས་ལ་བལྟ་སྐོར་བྱས་ཤིང་། སློབ་གྲྭའི་དགེ་རྒན་དག་དང་ལྷན་དུ་སློབ་གསོའི་བྱ་བའི་ཕྱོགས་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱས།

རྒྱུས་ལོན་པ་ལྟར་ན། ལོ་ངོ་འདི་འགའི་རིང་ལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་གཅིག་ནས་སློབ་གསོའི་དོ་དམ་དང་། གཉིས་ནས་སློབ་གསོའི་སྤུས་ཚད་ཀྱི་ཐད་ནས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བས། སློབ་གྲྭ་དེ་ད་སྔ་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ལོ་རེ་བཞིན་དུ་ཁོ་ཚོས་སློབ་གྲྭ་གཞན་པ་དང་ས་གནས་གཞན་པའི་སློབ་གསོའི་སྒྲུབ་སྟངས་ལ་ཉམས་མྱོང་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད།

ད་ཐེངས་དར་ལག་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཁག་ཅིག་སློབ་གྲྭ་དེར་སོང་ནས་སློབ་གསོའི་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པ་དེས། ས་གནས་མི་འདྲ་བའི་སློབ་གསོ་སྒྲུབ་སྟངས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། མ་འོངས་པའི་སློབ་གསོ་གོང་འཕེལ་གྱི་ཐད་ནས་ཕན་ཚུན་ལ་རོགས་འདེགས་གང་མང་ཐོབ་ཐུབ། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག