མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཡུས་ཧྲུའུ་ཡི་གནོད་ཕྱིའི་བསྐྱར་འཛུགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-11-06 10:47

འདི་ནི་བསྐྱར་འཛུགས་རྗེས་ཀྱི་ཡུས་ཧྲུའུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2010ལོའི་སྤྱི་ཟླ4བའི་ཚེས14ཉིན་ཡུས་ཧྲུའུ་ལ་ཚད་རིམ7.1ཅན་གྱི་ས་འགུལ་བྱུང་སྟེ་གནོད་སྐྱོན་ཚབས་ཆེན་ཐེབས་ལ། དུས་ཡུན་ཉིན1200ལྷག་གི་རིང་ལ་བསྐྱར་འཛུགས་བྱས་རྗེས་ད་ལྟ་རྣམ་པ་གསར་བའི་ཡུས་ཧྲུའུ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་གྲོང་ངེར་འགྱིངས་ཡོད།

    ཡུས་ཧྲུའུ་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། རང་བྱུང་གི་ཆ་རྐྱེན་ཞན་པས་ལོ་རེའི་ལས་སྐྲུན་གྱི་དུས་ཡུན་ནི་ལོ་ཕྱེད་ཙམ་ལས་མེད། དུས་ཡུན་ཐུང་བའི་ལས་སྐྲུན་གྱི་དུས་ཚོད་ནང་། རྒྱལ་ཁབ་བསྐྱར་འཛུགས་འཆར་འགོད་ཁྲོད་ཚུད་པའི་ལས་གཞི1248ཚང་མ་ལས་མགོ་བརྩམས་པ་དང་། ལས་མགོ་རྩོམ་ཚད99%ལ་སླེབས་ཤིང་། ལོ3རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར444.36ལེགས་འགྲུབ་བྱས་ལ། དུས་བཅད་ལྟར་གནོད་ཕྱིའི་བསྐྱར་འཛུགས་ཀྱི་ལས་གཞི་སོ་སོའི་ལས་འགན་ལེགས་འགྲུབ་བྱས་ཡོད། །

བོད་རིགས་བྱིས་པ་རྡོ་རྗེ་ཚེ་རིང་དང་རྩེད་རོགས་གཉིས་ཀྱིས་སྟག་ལྡན་རི་རྩེ་ནས་རྩེད་མོ་རྩེ་བཞིན་ཡོད་ལ། ཁོ་ཚོའི་རྗེས་ཕྱོགས་ཀྱི་བསྐྱར་འཛུགས་བྱས་རྗེས་ཀྱི་ཡུས་ཧྲུའུ་རེད།

འདི་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུའུ་གཉིས་པས་རོགས་སྐྲུན་བྱས་པའི་ཡུས་ཧྲུའུ་མི་རིགས་སློབ་འབྲིང་དང་པོ་རེད།

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་མོ་གྲོང་ཤང་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་སློབ་མས་སློབ་ཁྲིད་སྟེང་སྒོ་སམ་སྟེང་རྩིས་རྒྱག་བཞིན་པ།

ཡུས་ཧྲུའུ་ཁུལ་ཆ་ཚང་སློབ་ཆུང་དང་པོའི་སློབ་མས་སློབ་གྲྭའི་སྒྱུ་རྩལ་དུས་ཆེན་སྟེང་བྲོ་འཁྲབ་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག