མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-11-05 15:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་ལེགས་བཅོས་དང་སྒྲིག་སྲོལ་འཛུགས་པའི་དུས་རིམ་གྱི་བྱ་བ། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཅས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གི་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་སློབ་གསོ་ལག་ལེན་བྱ་འགུལ་དག་ཐེར་ལེགས་བཅོས་དང་སྒྲིག་སྲོལ་འཛུགས་པའི་དུས་རིམ་དུ་སླེབས་རྗེས་བསྡུས་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་དུས་རིམ་གསུམ་པའི་བྱ་བ་བཟང་བོར་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུང་ཧྲན་གྱིས“མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་གི་འཚོ་བའི་གྲོས་ཚོགས་དང་དཔྱད་གཞི་ལ་ཞིབ་བསྡུར་ཞིབ་དཔྱོད་ནན་མོ་བྱེད་དགོས་བའི”སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་དང་ཁས་ལེན་གང་ལེགས་བྱེད་བཞིན་ཡོད་པ་མཚོན་པས། ང་ཚོས་དེ་སྒུལ་ཤུགས་སུ་བརྩིས་ནས། དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་སྟེ། ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་དེ་མགོ་མཇུག་ཡོད་པ་དང་བཟང་བོར་བསྒྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སློབ་གསོ་ལག་ལེན་བྱ་འགུལ་དེ་དག་ཐེར་ལེགས་བཅོས་དང་སྒྲིག་སྲོལ་འཛུགས་པའི་དུས་རིམ་དུ་སླེབས་རྗེས། བྱ་བ་སྔར་ལས་བྲེལ་འཚུབ་དང་ལས་འགན་སྔར་ལས་ཇེ་ལྕི་རུ་སོང་བས། དལ་ལྷོད་དང་བག་གཡེང་གི་བསམ་བློ་དོར་ནས། ངེས་པར་དུ་མུ་མཐུད་ནས་གཟབ་ནན་སྒོས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་དང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཀྱང་མཛུབ་སྟོན་དང་འགག་སྒོ་སྲུང་བའི་ནུས་བ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྩ་འཛུགས་ཀྱི་དག་ཐེར་ལེགས་བཅོས་དང་སྒྲིག་སྲོལ་འཛུགས་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། སྐོར་ཐེངས་་དང་པོའི་བྱ་འགུལ་ཁྲོད་ཞུགས་པའི་ལས་ཁུངས་ཀྱིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དེ་འགོ་འཛུགས་ས་གསར་བར་བརྩིས་ནས། ཚད་མཐོ་བའི་རང་རྟོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱིས་དག་ཐེར་ལེགས་བཅོས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་དངོས་ཡོད་གྲུབ་འབྲས་ཀྱིས་ས་གནས་དང་གཞི་རིམ། ཁེ་ལས། མང་ཚོགས་བཅས་ལ་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་ལེགས་བཅོས་བྱ་བའི་ཇུས་གཞི»སོགས་ཡིག་ཆ་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་ད་དུང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོནལྷན་ཁང་གི་ད་ལོའི་བྱ་བ་གཙོ་བོའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་འགན་ནུས་སྔར་ལས་འདོན་སྤེལ་བྱེད་པ་དང་། སྐོར་ལྟ་བྱ་བར་ཤུགས་སྣོན་པ་སོགས་ཐད་ཀྱི་གནད་དོན་ལ་ཞིབ་འཇུག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག