མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མཁར་གྲོང་གཞི་གཅིག་ཅན་ཕལ་ཆེར་མངོན་འགྱུར་བྱུང་བ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-04 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ལས་ཞུགས་དང་ཡང་སྐྱར་ལས་ཞུགས་ཀྱི་བྱ་བ་གཙོ་བོར་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་། སྤྱི་ཚོགས་འགན་སྲུང་གི་ནུས་པ་ཇེ་མཐོར་གཏོང་རྒྱུ་ནི་སྤྱི་ཚོགས་གཏན་འཇགས་དང་གོང་འཕེལ་དུ་འགྲོ་བའི་སྲོག་ཤིང་དུ་འགྱུར་བར་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྲིད་གཞུང་གིས་འགྲོ་སོང་མང་པོ་བཏང་ནས་དམངས་འཚོའི་འཛུགས་སྐྲུན་ལ་ཡར་སྐུལ་བྱས་པས་ཕན་འབྲས་མངོན་གསལ་བླངས།

ཁུལ་ཡོངས་ཀྱིས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱུང་བ་དང་། ལས་དོན་གསར་གཏོད་བྱེད་རྒྱུར་ཤུགས་སྣན་ནས་ཞབས་ཞུ་དང་ལས་ཞུགས་རོགས་སྐྱོར་གསོ་སྐྱོང་གོང་འཕེལ་དུ་བཏང་། ལས་ཞུགས་གསར་གཏོད་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ད་ལོའི་ཟླ་དགུ་བའི་ཟླ་སྨད་ལ་ཁུལ་ཡོངས་ཀྱི་གྲོང་གསེབ་ལ་གསར་དུ་ཁ་སྣོན་བྱས་པའི་ལས་ཞུགས་མི་སྣ་སྟོང་གཅིག་དང་དོན་བདུན་མངོན་འགྱུར་བྱས། ལས་ཤོར་མི་སྣ་བཞི་བརྒྱ་དང་བཅུ་གསུམ་ཡང་བསྐྱར་ལས་ཞུགས་བྱས་ཡོད། སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་ཕྱོགས་ཀྱི་གསོ་སྐྱོང་འཛིན་གྲྭ་དང་། ངལ་རྩོལ་ལག་རྩལ་སོགས་གསོ་སྐྱོང་འཛིན་གྲྭ་ཐེངས་བཅུ་གཅིག་ལ་བསྒྲུབས་པ་དང་། མི་སྟོང་གཅིག་དང་ཉིས་བརྒྱ་གོ་གསུམ་གསོ་སྐྱོང་ལ་ཞུགས་ནས་སློབ་ཆེན་མཐར་ཕྱིན་སློབ་མ་བདུན་བརྒྱ་དང་ཉེར་ལྔ་ལས་ཞུགས་བྱས།

དུས་མཚུངས་སུ། ཤུགས་ཆེན་པོས་སྤྱི་ཚོགས་འགན་སྲུང་གོང་འཕེལ་དུ་བཏང་། མགོ་ལོག་ཁུལ་གྱིས་འདྲ་མཉམ་དང་འཁོར་བསྐྱོད་རང་བཞིན་འགན་ལེན་རྒྱུན་བསྲིང་གཙོ་བོར་བཟུང་ནས། དཀའ་ཁག་ཆེ་བའི་དམངས་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་བྱས་ནས་སྤྱི་ཚོགས་འགན་སྲུང་མཁར་གྲོང་གཞི་གཅིག་ཅན་ཕལ་ཆེར་མངོན་འགྱུར་བྱུང་སྟེ། ཁྱབ་ཁོངས་དང་འགན་སྲུང་གི་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསླེབས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག