མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དར་ལག་རྫོང་གིས་གནོད་འགོག་གནོད་འཕྲིའི་ཚད་ལྡན་ཅན་གྱི་ཞང་དང་གྲོང་བརྡལ་གསར་འཛུགས་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-04 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ། གནམ་གཤིས་ཐད་ཀྱི་གནོད་འགོག་གནོད་འཕྲིའི་ཚད་ལྡན་ཅན་གྱི་ཞང་དང་གྲོང་བརྡལ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་ནས། དགུན་དུས་ཀྱི་གནོད་འཚེ་བྱུང་ཚད་མང་བའི་གནས་ཚུལ་ལ་དམིགས་ནས། དུས་ཚོད་དོན་གཉིས་ཀྱི་སྔོན་དུ་གངས་སྐྱོན་གནམ་གཤིས་ཀྱི་བརྡ་འཕྲིན་ཁྱབ་བསྒྲགས་བྱེད་ཐུབ་པ་དང་། དུས་ཚོད་ཞེ་བརྒྱད་ཀྱི་སྔོན་དུ་ཉེན་བརྡ་གཏོང་ཐུབ་པར་མ་ཟད། གནམ་གཤིས་གནོད་འཚེའི་ཞིབ་དཔྱད་ཚད་ལེན་བྱ་བ་བཟང་བོར་བསྒྲུབ་ཐུབ་པར་བརྩོན་ལེན་བྱས། ཐོག་མར། ཞིང་སྡེའི་གནམ་གཤིས་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བའི་དྲ་རྒྱ་འཛུགས་པ་དང་དེའི་རྗེས་སྔོན་འགོག་གཙོ་བོ་ཡིན་པའི་ཞིང་སྡེའི་གནམ་གཤིས་གནོད་འཚེའི་སྔོན་འགོག་ནང་རྐྱེན་འཛུགས་པ། མཇུག་མཐར། རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཀྱི་གནམ་གཤིས་ཐད་ཀྱི་ཞབས་ཞུའི་སྟེགས་བུ་འཛུགས་པ་བཅས་བྱས་ནས། དུས་ཚོད་དང་པོའི་ནང་མང་ཚོགས་ལ་གནམ་གཤིས་གནོད་འཚེའི་སྔོན་ཚུད་ཀྱི་ཉེན་བརྡ་བཏང་ནས། རང་ནུས་ཅི་ལྕོགས་ཀྱིས་གནམ་གཤིས་གནོད་འཚེའི་གནོད་སྐྱོན་ཐེབས་ཚད་ཇེ་ཆུང་དུ་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག