མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པས་སྒྲོག་བཤད་ཚོགས་པ་རྩ་འཛུགས་བྱས་ཏེ་གཞི་རིམ་ལ་སོང་ནས་ཀྲུང་གོའི་ཕུགས་འདུན་གྱི་སྒྲོག་བཤད་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-04 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དང་དངོས་འབེབས་བྱེད་པ་དང་། ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་གཏོང་ཆེད། སྤྱི་ཟླ10བའི་ཚེས31དང་སྤྱི་ཟླ11པའི་ཚེས1ཉིན་གཉིས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་མཉམ་དུ་སྒྲོག་བཤད་ཚོགས་པ་རྩ་འཛུགས་བྱས་ཏེ། ནུབ་རྒྱུད་གཏེར་ལས་ཚོགས་པ་དང་ཧོང་ཀྲུང་རྫོང་། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་ཀུང་ཟི། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཟུར་གཏོགས་སློབ་འབྲིང་། མཚོ་བོད་ལྕགས་ལམ་ཀུང་ཟི། མཚོ་སྔོན་ཞིང་ཆེན་དམག་ཁུལ་སོགས་ལ་སོང་ནས་ཀྲུང་གོའི་ཕུགས་འདུན་གྱི་སྒྲོག་བཤད་བྱ་འགུལ་སྤེལ།

སྒྲོག་འགྲེལ་ཚོགས་པ་གནས་གང་རུང་དུ་ཐོན་ཚེ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ། དམག་དཔུང་གི་དཔོན་དམག སློབ་གྲྭའི་དགེ་སློབ་བཅས་ཀྱི་དགའ་བསུ་ཐོབ། ཚང་མས་གཅིག་གྱུར་སྒོས་བལྟས་ན། དེ་ནི་བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། མཛུབ་སྟོན་རང་བཞིན་ཧ་ཅང་ལྡན་པའི་སྒྲོག་བཤད་སྙན་ཞུ་ཞིག་ཡིན་པ་དང་། ཀྲུང་གོའི་ཕུགས་འདུན་གྱི་ངོས་ཟིན་ཇེ་དྲག་དང་རྒྱུས་ལོན་ཚད་སྔར་ལས་ཇེ་ཆེར་སོང་བར་མ་ཟད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གྱུར་བར་སྙམ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག