མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྦྱོང་བྱ་བ་དངོས་སུ་སྒྲུབ་མགོ་བརྩམས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-04 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནོར་སྲིད་དངུལ་ལོར་ཁོངས་གཏོགས་ཀྱི་ལས་བྱེད་པའི་བྱེད་སྒོའི་ཤེས་བྱ་གསོ་སྦྱོང་འཛིན་གྲྭ་ཧྲན་ཏུང་སྲིད་འཛིན་སློབ་གླིང་གསོ་སྦྱོང་ལྟེ་གནས་ནས་དངོས་སུ་བསྒྲུབས། དེ་ལས་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོང་བྱེད་པའི་ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྦྱོང་བྱ་བ་དངོས་སུ་སྒྲུབ་མགོ་བརྩམས་པ་མཚོན་ཡོད།

ཁ་གཏད་རོགས་སྐྱོར་བྱ་བའི་སྤྱིའི་རེ་བ་ལྟར། ཧྲན་ཏུང་དང་མཚོ་བྱང་ས་ཁུལ་གཉིས་ཀྱི་རྩ་འཛུགས་ལས་ཁུངས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བར་བརྟེན་ནས། ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྦྱོང་བྱེད་པའི་ཕྱོགས་ཀྱི་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་རྒྱུ་རེད། མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིག་སྟོབས་རོགས་སྐྱོར་དང་ལས་འཁུར་སྦྱོང་བརྡར། སློབ་གསོ་སྦྱོང་བརྡར་བཅས་ཕྱོགས་བཞིའི་ཐད་ནས་ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྦྱོང་བྱེད་པའི་བྱ་བ་སྒྲུབ་རྒྱུ་གཏན་འཁེལ་བྱས།

མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཤེས་ལྡན་མི་སྣ་ནང་འདྲེན་དང་ལས་བྱེད་པའི་ཤེས་ལྡན་མི་སྣ་དཔུང་སྡེའི་ཕྱོགས་བསྡུས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པའི་རེ་བར་དམ་པོར་དམིགས་ཏེ། ས་ཁུལ་གཉིས་ཀྱི་རིམ་པ་སོ་སོའི་ལས་བྱེད་པའི་ཤེས་ལྡན་མི་སྣ་སྣ་ཚོགས་ཉིས་བརྒྱ་དང་བཅོ་བརྒྱད་བརྗེ་རེས་དང་གསོ་སྦྱོང་བྱས། 2013ལོར་ཧྲན་ཏུང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་བྱང་ཁུལ་གྱི་ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྦྱོང་བྱ་བ་དེར་ཁུལ་དང་རྫོང། ཞང་གྲོང་། སྡེ་བ་བཅས་རིམ་པའི་ཏང་སྲིད་ལས་བྱེད་པ་དང་ལས་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་སྣ་ཚོགས་འདུས་ཡོད་ལ། ཉེ་བའི་ལོ་འགའི་རིང་ལ་མཚོ་བྱང་ཁུལ་གྱིས་བརྗེ་རེས་གསོ་སྦྱོང་བྱེད་པའི་ཤེས་ལྡན་མི་སྣའི་མི་གྲངས་ཆེས་མང་ཞིང་གཞི་ཁྱོན་ཆེས་ཆེ་བའི་ཐེངས་ཤིག་ཏུ་གྱུར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག