མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་རིགས་གཞུང་དཔྱད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-04 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས28ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་དམིགས་ཏེ་རིགས་གཞུང་དཔྱད་གླེང་ཚོགས་འདུ་བསྡུས། དྲིལ་སྒྲོག་པུའུ་ཡི་ཐིན་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ་སུམ་ཅུ་ལྷག་གིས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ལས་ཁུངས་ཀྱི་ཁྲུའུ་གཞོན་པ་རིམ་པའི་ལས་བྱེད་པ་ཚོགས་འདུར་ཞུགས། དཔྱད་གླེང་ཚོགས་འདུའི་སྟེང་ཕུལ་བྱུང་རིགས་གཞུང་རྩོམ་ཡིག་ལ་གཟེངས་བསྟོད་བྱས།

ཐེངས་འདིའི་རིགས་གཞུང་དཔྱད་གླེང་ཚོགས་འདུའི་སྟེང་། དྲིལ་སྒྲོག་པུའུ་ལས་ཁུངས་ཀྱི་ཐིན་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་ཞེས་པའི་ནང་དོན་གཙོ་བོ་ལ་དམ་པོར་དམིགས་ཏེ། བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་དང་། ལྟ་བ་གསལ་ཞིང་དམིགས་སའི་རང་བཞིན་ལྡན་པའི་གཏམ་བཤད་སྤེལ། ཚོགས་ཞུགས་མི་སྣས་ཏང་གི་མང་ཚོགས་ལམ་ཕྱོགས་ཆགས་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་སྤྱི་བསྡོམས་བྱས་པ་དང་། ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་དོན་སྙིང་གལ་ཆེན་དང་གནས་བབ་གསར་བའི་འོག་ཏང་གི་མང་ཚོགས་ལམ་ཕྱོགས་དང་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་ཇི་ལྟར་རྒྱུན་འཁྱོངས་བྱེད་རྒྱུ་རྒྱས་བཤད་བྱས་པར་མ་ཟད། དྲིལ་སྒྲོག་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་མང་པོ་འཚོལ་ཞིབ་བྱས་ནས། རིགས་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ་དང་། ཆེ་ཕྱོགས་ནས་དབྱེ་ཞིབ་དང་བྱེད་སྒོའི་ཁྱད་ཆོས་གཉིས་གཅིག་གྱུར་ཡོང་བར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག