མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལས་ཁུངས3དང་མི3ལ་རྒྱལ་ཡོངས་ལས་བཟོ་ལས་རིགས་ཀྱི་ཀུན་སྤྱོད་སྔོན་ཐོན་གྱི་མཚན་སྙན་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-02 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་བཟོ་བའི་སྤྱི་ཁྱབ་ལྷན་ཚོགས་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་མཉམ་དུ་མཚོ་སྔོན་མཚོ་བོད་ལྕགས་ལམ་ཀུང་ཟི་ཟི་ལིང་འགྲུལ་བསྐྱེལ་ས་ཚིགས་ཀྱི་ལྷ་ས་མེ་འཁོར་རུ་ཁག་དང་མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཡན་ལག་ཀུང་ཟི་གཉིས་པའི་རུ་ཁག་བདུན་པ་ལམ་ཐིག12པར་སོ་སོར“རྒྱལ་ཡོངས་བཟོ་བའི་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་སྔོན་ཐོན་ལས་ཁུངས”དང“རྒྱལ་ཡོངས་བཟོ་བའི་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ཚད་ལྡན་ལས་ཁུངས”ཀྱི་མཚན་སྙན་གནང་། ཞིང་ཆེན་གློག་ཤུགས་ཀུང་ཟི་ཆ་འཕྲིན་བརྡ་འཕྲིན་ཀུང་ཟི་ཚན་རྩལ་འཕེལ་རྒྱས་པུའུ་ཡི་ཀྲུའུ་རིན་གཞོན་པ་ཕིན་ཞ་དང་མཚོ་སྔོན་སྣུམ་ཞིང་རྡོ་སྣུམ་སྔོག་འདོན་བཟོ་གྲྭ་དང་པོའི་ཀ་སིའི་རྡོ་སྣུམ་ལས་སྣོན་ཁུལ་གྱི་རྡོ་སྣུམ་སྔོག་འདོན་བཟོ་བཀོད་པ་ཧྲི་ཁུང་དང་། ཞིང་ཆེན་ཆུའི་གནས་ལུགས་ཐོན་ཁུངས་རྩད་ཞིབ་ཚད་ལེན་ཅུའུ་ཐོ་ཐོ་ཆུ་བོ་ས་ཚིགས་ཀྱི་བཟོ་བཀོད་ལས་རོགས་པ་ཡེ་ཧུའུ་ལིན་སོགས་བློ་མཐུན3ལ“རྒྱལ་ཡོངས་བཟོ་བའི་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་སྔོན་ཐོན་མི་སྒེར”གྱི་མཚན་སྙན་གནང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག