མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བརྟག་བཤེར་ལས་མངོན་པ་ལྟར་ན་དུས་ཚིགས་སྔོན་མ་གསུམ་རིང་མཚོ་སྔོན་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་བའི་རིན་གོང་བརྟན་བརླིང་ངང་གོང་དུ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-02 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་དཔེ་འཐེན་བརྟག་བཤེར་ལས་མངོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་རིང་། མཚོ་སྔོན་ཞིང་ཆེན་གྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་གྱི་རིན་གོང་བརྟན་བརླིང་ངང་གོང་དུ་འཕར་ཞིང་། དུས་མཉམ་ལས1.4%འཕར་ཡོད། དུས་ཚིགས་རེ་རེའི་ཐད་ལ་གཞིགས་ན་དུས་ཚིགས་དང་པོར0.7%འཕར་བ་དང་། དུས་ཚིགས་གཉིས་པར1.6%འཕར་ལ། དུས་ཚིགས་གསུམ་པར2.1%འཕར་ཡོད་པས། འཕར་ཚད་དུས་ཚིགས་རེ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།

དུས་ཚིགས་སྔོན་མ་གསུམ་རིང་། མཚོ་སྔོན་གྱི་མ་དངུལ་བཏང་བའི་རིགས་ཆེན་པོ་གསུམ་གྱི་རིན་གོང་ནི“གཉིས་འཕར་གཅིག་འགྲིལ”གྱི་རྣམ་པ་མངོན་ཡོད་དེ། བཟོ་སྐྲུན་སྒྲིག་སྦྱོར་བཟོ་འགོད་ཀྱི་དངུལ་གཏོང་རིན་གོང་དང་གཞན་པའི་འགྲོ་གྲོན་རིན་གོང་དུས་མཉམ་ལས་སོ་སོར1.9%དང1.5%འཕར་ལ། སྒྲིག་ཆས་དང་འཕྲུལ་ཆས་ཉོ་སྒྲུབ་རིན་གོང་དུས་མཉམ་ལས1.2%མར་ཆག་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག