མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མའོ་ཞོ་པེན་གྱིས་ཞོ་ཀྲིག་ཁུལ་གསུམ་སྡེ་ཚོགས་དང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་སན་ཆི་རླངས་འཁོར་འཇོག་ས་སོགས་ཀྱི་བཙོག་རྫས་ཉུང་འདོན་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-02 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་དང་། ཧྲི་ཀྲང་ཝང་ཡུས་པོ་གཉིས་སྤྱི་ཟླ10བའི་ཚེས31ཉིན་གྱི་སྔ་དྲོར་ཞོ་ཀྲིག་ཁུལ་གསུམ་སྡེ་ཚོགས་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་སན་ཆི་རླངས་འཁོར་འཇོག་ས། ཚྭ་འདམ་གཞོང་ལམ་གྱི་རླངས་འཁོར་ཞིབ་བཤེར་ས་ཚིགས་དང་དེ་མིན་ཁྲོ་དབྱང་དངོས་སྐྱེལ་ལྟེ་གནས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་སོང་ནས། བཙོག་རྫས་ཉུང་འདོན་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཡུལ་དངོས་ནས་བཅོས་སྐྱོང་བྱ་བ་ཡར་ཞུ་བྱས་པར་ཉན། མའོ་ཞོ་པེན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་རེ་བ་དངོས་འབེབས་བཟང་བོ་བྱས་ནས། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་གཏན་ལ་ཕབ་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱི་སྒོ་ནས་ཁ་དབུགས་བཙོག་པོར་འགྱུར་བར་བཅོས་སྐྱོང་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་ཁ་དབུགས་བཟང་བོའི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་རེ་བ་བཏོན།

མའོ་ཞོ་པེན་གྱིས་དུས་སྐབས་སྔོན་མའི་ཟི་ལིང་གྲོང་ཁྱེར་གྱི་ཁ་དབུགས་བཙོག་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཐད་ནས་བླངས་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་ནན་གྱིས་བསྟན་དོན། གཅིག་ནས་གྲུབ་འབྲས་ཇེ་བརྟན་དུ་བཏང་ནས་བྱ་བ་དེ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། གཉིས་ནས་བྱ་བ་སྤྱི་བསྡོམས་ཡང་ཡང་བྱས་ནས། སྒྲིག་ཁྲིམས་དང་ལམ་ལུགས་ནན་མོ་འཛུགས་དགོས། གསུམ་ནས་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་སོ་སོའི་འགན་ཁུར་བསམ་པ་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་འགན་ཁུར་སྔར་ལས་གསལ་བོ་བྱས་ནས། གནད་དོན་གྱི་འདུ་ཤེས་ཆགས་པར་བྱེད་དགོས་ཟེར།

མའོ་ཞོ་པེན་གྱིས་ནན་གྱིས་བསྟན་དོན། བཅོས་སྐྱོར་བྱ་བའི་ཁྲོད་དུ་ངེས་པར་དུ་གནད་དོན་ལ་དམིགས་ནས། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག