མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་ཁངས་ཆར་བབས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-02 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གནམ་གཤིས་སྡེ་ཁག་ནས་ཤེས་གསལ་ལྟར་ན། སྤྱི་ཟླ10བའི་ཚེས31ཉིན། མཚོ་ནུབ་ཀྱི་ནུབ་ཕྱོགས་ལས་གཞན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཁངས་ཆར་བབ་པ་རེད། ཧོང་ཀྲོང་རྫོང་ལ་བབས་པའི་ཁ་བའི་མཐུག་ཚད་ལ་ཧའོ་སྨིད14.1ཡོད། ཚེས31ཉིན་ནས་བཟུང་མཚོ་སྔོན་གྱི་བྱང་ཕྱོགས་ས་ཁུལ་ལ་ཁངས་འབབ་མཚམས་འཇོག་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་བྱང་ཕྱོགས་ས་ཁུལ་ལ་སྤྲིན་མང་བའི་གནམ་གཤིས་འབྱུང་རྒྱུ་ཡིན་ལ། ཉིན་རེར་ཆེས་མཐོ་བའི་དྲོད་གྲངས་ཅུང་ཙམ་ཇེ་མཐོར་འགྲོ་རྒྱུ་རེད།

ཐེངས་འདིའི་ཁངས་ཆར་དེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེར་བར་བབས་པ་རེད། ཚེས་སོ་གཅིག་ཉིན་ནས་བཟུང་། མཚོ་སྔོན་གྱི་བྱང་ཤར་ས་ཁུལ་ལ་སྤྲིན་མང་རྒྱུ་ཡིན་པ་དང་། ཆེས་མཐོ་བའི་དྲོད་གྲངས་རིམ་བཞིན་ཇེ་མཐོར་འགྲོ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག