མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ནོར་སྲིད་ཀྱིས་ཡང་བསྐྱར་སྙོམས་སྒྲིག་རང་བཞིན་གྱི་སྤོ་བསྒྱུར་རྩིས་སྤྲོད་མ་དངུལ་སྒོར་དུང་ཕྱུར4རྩིས་སྤྲོད་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-01 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་སྲིད་གཞུང་གིས་དཔལ་འབྱོར་སྤྱི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བར་རོགས་སྐྱོར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་ཡང་བསྐྱར2013ལོའི་སྐོར་གསུམ་པའི་ཞིང་ཆེན་གྱི་སྙོམས་སྒྲིག་རང་བཞིན་གྱི་སྤོ་བསྒྱུར་རྩིས་སྤྲོད་མ་དངུལ་སྒོར་དུང་ཕྱུར4ལྷག་རྩིས་སྤྲོད་བྱས། དེའི་ནང་སྐྱེ་ཁམས་སྲུང་སྐྱོང་གི་སྐུལ་ཁྲིད་རང་བཞིན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.5ལྷག་ཡོད། དེ་བས་ཞིང་ཆེན་གྱི་སྙོམས་སྒྲིག་རང་བཞིན་གྱི་སྤོ་བསྒྱུར་མ་དངུལ་ལ་བསྡོམས་པས་སྒོར་དུང་ཕྱུར87.6ལ་སླེབས་པ་དང་། དེའི་ནང་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་བསྒྱུར་ལ་མ་དངུལ་སྒོར་དུང་ཕྱུར15.2རྩིས་སྤྲོད་བྱས་ཡོད།

ཞིང་ཆེན་ནོར་སྲིད་ཀྱིས་ཐེངས་འདིའི་ཞིང་ཆེན་གྱི་སྤོ་བསྒྱུར་མ་དངུལ་རྩིས་སྤྲོད་བཀོད་སྒྲིག་བྱས་རྗེས། ས་ཁུལ་སོ་སོས་འོས་འཚམ་གྱིས་མ་དངུལ་བེད་སྤྱོད་བཀོད་སྒྲིག་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ཀྱི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པའི་རྨང་གཞིའི་སྟེང་། གཅིག་གྱུར་སྒོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོར་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འགྲོ་སོང་ཐད་ལ་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ལ། སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་གཞན་པར་བཀོད་སྒྲིག་བྱེད་མི་ཆོག་པའི་དུས་མཚུངས་སུ། ཐེངས་འདིའི་སྤོ་བསྒྱུར་ལ་རྩིས་སྤྲོད་བྱས་པའི་མ་དངུལ་གྱི་ལྷག་མ་དང་ད་ལོའི་ས་གནས་ཀྱི་ཡོང་སྒོ་ལྷག་མ་རྣམས་སྔོན་རྩིས་ཁྲོད་བཞག་སྟེ་ཐེབས་རྩ་སྙོམས་སྒྲིག་བྱེད་པ་དང་། གཅིག་གྱུར་གྱིས་ལོ་རྗེས་མའི་གཙོ་གནད་འགྲོ་སོང་གི་སྔོན་རྩིས་ནང་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག