མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞོ་ཡིས་ཡོ་ནན་ནས་ཡོ་ནན་བཟོ་ལས་དང་ཉོ་ཚོང་བརྗེ་རེས་པུའུ་ཡི་པུའུ་ཀྲང་གཞོན་པ་རོན་ཅིན་ཞིག་སོགས་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-01 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཞོ་ཡིས་ཡོ་ནན་ནས་ཡོ་ནན་བཟོ་ལས་དང་ཉོ་ཚོང་བརྗེ་རེས་པུའུ་ཡི་པུའུ་ཀྲང་གཞོན་པ་རོན་ཅིན་ཞིག་དང་ཡོ་ནན་བཟོ་ཚོང་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཧྥན་ཅ་ཙུའུ་སོགས་ཡོ་ནན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བར་ཐུག་འཕྲད་བྱས།

ཝང་ཞོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་མཚོ་སྔོན་དང་ཡོ་ནན་ཚོང་རྫས་འགྲེམ་སྟོན་ཚོགས་འདུར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རེབ་འདིའི་འགྲེམ་སྟོན་ཚོགས་འདུར་འཐུས་ཚབ་རང་བཞིན་ལྡན་པའི་མཚོ་སྔོན་གྱི་ཁྱད་ཆོས་གཅིག་བསྡུས་ཀྱིས་མངོན་ཡོད་པ་དང་། ཡོ་ནན་མི་དམངས་ཀྱིས་མཚོ་སྔོན་གྱི་ཆེས་གཞི་རྩའི་གནས་ཚུལ་དང་ཆེས་འབུར་ཐོན་ཡིན་པའི་ཁྱད་སྟོབས་དང་ཆེས་གལ་ཆེ་བའི་ཐོན་རྫས་སོགས་ལ་རྒྱུས་ལོན་ཅུང་ཟབ་མོ་ཐོབ་ཡོད་ཟེར།

ཝང་ཞོ་ཡིས་རེབ་འདིའི་འགྲེམ་སྟོན་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་བྱ་བར་སྔར་ལས་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱ་བ་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག