མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱིའི་མ་དངུལ་སྒོར་དུང་ཕྱུར1.3བཏང་བའི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་གནས་སྐོར་ལས་གཞི9ཕལ་ཆེར་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-01 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་སྤྱིའི་མ་དངུལ་སྒོར་དུང་ཕྱུར1.3བཏང་བའི་ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་གནས་སྐོར་ལས་གཞི9ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། ཀུན་གྱིས་དོ་སྣང་བྱེད་པའི་ཡུས་ཧྲུའུ་གནས་སྐོར་ནི“ཡུས་ཧྲུའུ་གསར་བ་དང་ཁྱིམ་གཞི་གསར་བ”ཞེས་པའི་བརྗོད་དོན་གྱི་སྐུལ་ཁྲིད་འོག་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་པ་མ་ཟད། མ་འོངས་པའི་ལོ་གསུམ་བཞིའི་རིང་འཕེལ་རྒྱས་ཆེ་བའི་དུས་སྐབས་ཞིག་ཏུ་བསླེབ་ངེས།

རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ཀྱི་གནས་སྐོར་ལས་གཞི9ཡི་ནང་ཡུས་ཧྲུའུ་ཁུལ་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་སེང་ཟེ་རྒྱ་ནག་མ་ནིའི་མཛེས་ལྗོངས་ཁུལ་ལེགས་བཅོས། ལེབ་པ་ཁོག་གི་རྣམ་པར་སྣང་མཛད་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཚུད་ཡོད། གནས་སྐོར་ལས་གཞི་དགུ་པོ་འཛུགས་སྐྲུན་བྱས་པ་ལས་ཡུས་ཧྲུའུ་གནས་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། ཡུས་ཧྲུའུ་གནས་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག