མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་མི་སྣའི་རྒྱ་བོད་སྐད་གསོ་སྦྱོང་རྟེན་གཞི་དེ་ཟི་ལིང་དུ་བཙུགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-01 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས31ཉིན། རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་མི་སྣའི་རྒྱ་བོད་སྐད་གཉིས་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིའུ་ཀྲི་ཆང་དང་སྤྱི་བདེ་པུའུ་མི་དོན་སྦྱོང་བརྡར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྥན་ཅིན་ཡུས་ཡིས་རྟེན་གཞིའི་སྒོ་བྱང་བཀལ།

རྒྱུས་ལོན་པ་ལྟར་ན། རྟེན་གཞི་འདི་ནི་སྤྱི་བདེ་པུའུ་ཡིས་ཆོག་མཆན་ཐོབ་ནས་ནུབ་བྱང་ས་ཁུལ་དུ་བཙུགས་པའི་ཆེད་ལས་གསོ་སྦྱོང་རྟེན་གཞི་ཉག་གཅིག་པུ་ཡིན་ལ། འགན་འཁྲི་གཙོ་བོ་ནི་རྒྱལ་ཡོངས་དང་ལྷག་པར་དུ་བོད་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྒྱ་བོད་སྐད་གཉིས་ཀྱི་ཆེད་ལས་འཇོན་མི་གསོ་སྦྱོང་བསྐྱེད་སྲིང་བྱས་ཏེ། མི་དམངས་ཉེན་རྟོག་པའི་རྒྱ་བོད་སྐད་གཉིས་གསོ་སྦྱོང་དང་འབྲེལ་ཡོད་ཀྱི་བསླབ་དེབ་གསར་སྤེལ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན། རིག་གཞུང་ཞིབ་འཇུག་སོགས་ཀྱི་བྱ་བ་ལག་བསྟར་བྱས་ནས་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་བོད་སྐད་གཉིས་འབྲེལ་ཡོད་ཆེད་ལས་བསླབ་གནས་སློབ་གསོ་དང་མི་དམངས་ཉེན་རྟོག་པས་ལས་ཞོར་གསོ་སྦྱོང་ལ་རིག་སྟོབས་ཀྱིས་རྒྱབ་སྐྱོར་དང་ཕྱི་རྐྱེན་གྱི་འགན་སྲུང་ཐོབ་ཡོད།

ལིའུ་ཀྲི་ཆང་གིས་གཏམ་བཤད་ཁྲོད་བཤད་རྒྱུར། རྟེན་གཞི་བཙུགས་པ་དེས་མཚོ་སྔོན་གྱི་སྤྱི་བདེ་སློབ་གསོའི་གསོ་སྦྱོང་བྱ་བར་དུས་རབས་གསར་བ་ཞིག་གི་མགོ་བརྩམས་ལ། སྤྱི་བདེ་ཉེན་རྟོག་མི་སྣའི་རྒྱ་བོད་སྐད་གཉིས་ཀྱི་ཆུ་ཚད་དང་མང་ཚོགས་བྱ་བའི་ནུས་པ་ཇེ་མཐོར་གཏོང་བར་སྟེགས་བུ་གསར་བ་ཞིག་བསྐྲུན་ནས། བྱ་བ་འདིའི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སེམས་ལ་ལས་འགན་བརྟན་པོར་བཅིངས་བ་དང་འགན་ཁུར་ཐུབ་བའི་སྙིང་སྟོབས་ཀྱིས“ཚད་ལྡན་ཅན་དང་ཆེད་ལས་ཅན། ཚན་རིག་ཅན་གྱི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པའི”དམིགས་འབེན་ལ་གཞིགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་བརྩོན་གྱིས་འཚོལ་ཞིབ་དང་སྙིང་སྟོབས་ཆེན་པོས་ལག་ལེན་དུ་བསྟར་བ། “རྒྱ་བོད་སྐད་གཉིས”སློབ་ཁྲིད་ཀྱི་ཁྱད་ལྡན་ཆས་རྟགས་གསར་འཛུགས་བྱེད་པ་དང་། ཧུར་བརྩོན་གྱིས་སྔར་ལས་མང་ཞིང་སྔར་ལས་ཕུལ་དུ་བྱུང་བའི་སྤུས་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་བྱས་ནས་རྒྱལ་ཡོངས་ཀྱི་སྤྱི་བདེ་སློབ་གསོ་ལས་དོན་དང་སྤྱི་བདེ་དཔུང་སྡེ་འཛུགས་སྐྲུན་དར་རྒྱས་སུ་གཏོང་བ། བོད་ཁུལ་གྱི་ཡུན་རིང་བདེ་འཇགས་མངོན་འགྱུར་དང་མི་རིགས་སོ་སོ་ཐུན་མོང་གིས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག