མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་རོང་འབྲོག་པ་མི་ཁྲི4.4ལ“གསེར་གྱི་ཉི་མ”བསྐྱལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས“གསེར་གྱི་ཉི་མ”དཔེ་སྟོན་བཟོ་འགོད་ལག་བསྟར་བྱས་ཏེ། མཐའ་ཁུལ་གྱི་རོང་འབྲོག་དམངས་ཀྱི་ཕྱུགས་འཚོ་སར་རིན་གོང་སྒོར་དུང་ཕྱུར1.33ཡོད་པའི་ཁྱིམ་སྤྱོད་ཉི་འོད་ནུས་པའི་གློག་ཁུངས་ཁྲི1.1བསྐྱལ་བ་དང་། ལས་གཞི་དེ་ཁུལ་ཡོངས་ཀྱི་ཤང་གྲོང28གྱི་སྲིད་འཛིན་སྡེ་བ200ལ་ཁྱབ་ཤིང་། བསྡོམས་པས་འབྲོག་པ་མང་ཚོགས་ཁྲི4.4ལ་ཕན་ཁེ་བསྐྲུན།

“གསེར་གྱི་ཉི་མ”དཔེ་སྟོན་བཟོ་འགོད་ཀྱི་ཉི་འོད་ནུས་པའི་གློག་ཁུངས་ནི་ཉི་འོད་ནུས་པས་གློག་འདོན་པའི་གློག་ཤུགས220vཡོད་པའི་གློག་ཁུངས་ཤིག་ཡིན་ལ། གློག་སྒྲོན་དང་བརྙན་འཕྲིན། ལྭ་བ་འཕྲུལ་ཆས། འཁྱག་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ལ་གློག་ཤུགས་འདོན་སྤྲོད་བྱེད་ཐུབ་ལ། ཉི་འོད་མེད་པའི་ཁོར་ཡུག་འོག་ཉིན་གསུམ་ལ་གློག་སྒྲོན་དགར་ཐུབ་པ་དང་། ཉི་འོད་ནུས་པའི་གློག་ཁུངས་ཀྱི་གློག་ཞུ་དེ་ལོ15ནས་ལོ18བར་བཀོལ་སྤྱོད་བྱས་ཆོག་པ་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག