མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི156ཧྲག་བསྡུ་བྱས་ཏེ་དབུལ་ཕོངས་སློབ་མའི་དུས་སྐབས་རང་བཞིན་གྱི་སྦྱོང་ཚན་ལ་རོགས་སྐྱོར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ10བའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཐེབས་རྩ་ཚོགས་པ་འདིས་མ་དངུལ་སྒོར་ཁྲི156.21ཧྲག་བསྡུ་བྱས་ཏེ་མཚོ་སྔོན་གྱི་དབུལ་ཕོངས་སློབ་མས་དུས་སྐབས་རང་བཞིན་གྱི་སྦྱོང་ཚན་ལེགས་འགྲུབ་བྱེད་པར་རོགས་སྐྱོར་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་བུད་མེད་དང་བྱིས་པ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ནི2011ལོར་བཙུགས་པའི་ཚུན། བསྡོམས་པས་རིགས་སོ་སོའི་བརྩེ་སེམས་མ་དངུལ་སྒོར་ཁྲི1100ལྷག་ཧྲག་བསྡུ་བྱས་ཏེ། དབུལ་ཕོངས་བུད་མེད་དང་དབུལ་ཕོངས་སློབ་མར་བརྩེ་སེམས་འབུལ་བ་གཙོ་བྱས་པའི་སྤྱི་ཕན་བྱ་འགུལ་མང་པོ་སྤེལ། དེའི་ནང་མ་དངུལ་སྒོར་ཁྲི15ཧྲག་བསྡུ་བྱས་ཏེ“ཁེར་ཧྲང་གསུམ”ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། མལ་ཆས་དང་འབྲུ་སྣུམ། ལྕགས་ཐབ་སོགས་འཚོ་བའི་དངོས་རྫས་ཉོ་སྒྲུབ་བྱས་ནས་ཟི་ལིང་དང་མཚོ་བྱང་། མཚོ་ལྷོ། མཚོ་ཤར་བཅས་ས་ཁུལ་གྱི་རྒན་རྒོན་ཁེར་རྐྱང་དང་དབང་བོ་སྐྱོན་ཅན་ཁེར་རྐྱང་། དྭ་ཕྲུག་བཅས་མི200འཚམ་འདྲི་བྱས། མཚོ་སྔོན་ཞིང་ཆེན་གྱི“མ་ཡུམ་སྦྲག་སྐུར་འབོག་སྒྲིལ”གྱི་སྤྱི་ཕན་བྱ་འགུལ་སྤེལ་ཏེ། ཞང་ཀང་དང་ཨོ་མོན། ཐེ་ཝན་བཅས་ཀྱི་བརྩེ་སེམས་མི་སྣ་ཚུར་བཀུགས་ཤིང་། མིག་སྔར་བསྡོམས་པས་མ་དངུལ་སྒོར་ཁྲི140ལྷག་ཧྲག་བསྡུ་བྱས་ཏེ། མཚོ་སྔོན་གྱི་དབུལ་ཕོངས་མ་ཡུམ14254ལ་ཕན་ཁེ་བསྐྲུན། སྤྱི་ཟླ10བའི་ཚེས29ཉིན། འབྲི་ཆུ་ཚོང་ལས་སློབ་གླིང་གི་སློབ་མ10ལྷག་གིས་མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་ལ་མ་དངུལ་སྒོར་ཁྲི37.8ཧྲག་བསྡུ་བྱས་ནས་བཙུགས་པའི“དབུལ་ཕོངས་མཐོ་འབྲིང་སློབ་མའི་སློབ་རོགས་མ་དངུལ”དེ་མཚོ་ཤར་ས་ཁུལ་ཞོན་ཧྭ་རྫོང་ནས་དངོས་སུ་སྟེར་མགོ་བརྩམས། རྒྱུས་ལོན་པ་ལྟར་ན། ཐེསབ་རྩ་ཚོགས་པ་འདིས་ད་ལོར་མ་དངུལ་སྒོར་ཁྲི156.21ཧྲག་བསྡུ་བྱས་ནས“ཕུགས་འདུན་སློབ་རོགས”དང“དཔྱིད་མགོའི་མེ་ཏོག་འཆར་གཞི”སོགས་སྤྱི་ཕན་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། ཡུས་ཧྲུའུ་ཁུལ་གྱི་སློབ་མ230ཡི་སློབ་ཆེན་འགྲིམ་པའི་རེ་བ་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་མཐོ་འབྲིང་སློབ་མ510ཡི་དུས་སྐབས་རང་བཞིན་གྱི་སྦྱོང་ཚན་ལེས་འགྲུབ་བྱེད་པར་རོགས་སྐྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག