མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བེད་སྤྱོད་ཆོག་པའི་ཡོང་སྒོ་བརྟན་བརླིང་ངང་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་སྤྱི་ཟླ10བའི་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་ཡོང་སྒོ་དང་འགྲོ་སོང་དཔེ་འཐེན་བརྟག་བཤེར་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བེད་སྤྱོད་ཆོག་པའི་ཡོང་སྒོ་སྒོར13430.97ལ་སླེབས་པ་དང་དུས་མཉམ་ལས11.5%འཕར་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར9663.54ལ་སླེབས་པ་དང10.40%འཕར་ལ། དེས་སྤྱིའི་ཡོང་སྒོ་ཡི77.35%ཟིན་ཡོད་པ་དང་། སྤྱིའི་ཡོང་སྒོའི་བརྒྱ་ཆའི་ཆ6.65འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཚོང་གཉེར་ཡོང་སྒོ་རྐྱང་བ་སྒོར866.51དང8.08%འཕར་ལ། དེས་སྤྱིའི་ཡོང་སྒོ་ཡི5.51%ཟིན་ཞིང་། སྤྱིའི་ཡོང་སྒོའི་བརྒྱ་ཆའི་ཆ0.48འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་རང་བཞིན་གྱི་ཡོང་སྒོ་སྒོར97.58ཟིན་པ་དང་ལྡབ1.56འཕར་ལ། སྤྱིའི་ཡོང་སྒོ་ཡི5.05%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་སྒོར4233དང3.48%འཕར་ཡོད། དེས་སྤྱིའི་ཡོང་སྒོ་ཡི12.09%ཟིན་ལ། སྤྱིའི་ཡོང་སྒོའི་བརྒྱ་ཆའི་ཆ1.04འཕར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག