མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཡུལ་ཤུལ་ཁུལ་ནས་མིང་འདོག་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ10བའི་ཚེས29ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་མིང་འདོག་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ། 2013ལོའི་རྗེས་སུ་ཡུལ་ཤུལ་རོགས་འཛུགས་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པའི་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་བསྐྱར་འཛུགས་བཀོད་འདོམས་པུའུ་ཡི་ལས་གཞི་གཉིས་པའི་སྡེ་ཁག་སོགས་རོགས་འཛུགས་ཁེ་ལས་ཀྱི་སྔོན་ཐོན་ན་གཞོན་ཐུན་མོང་ཉེར་གཅིག་ལ་མཚོ་སྔོན་མཐོ་སྒང་གི་ན་གཞོན་དཔལ་ཡོན་ཅན་གྱི་གཟི་བརྗིད་མཚན་སྙན་གནང་བ་དང་། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་གྱི་ཅུའུ་ཉེར་གཅིག་པའི་ཀུང་ཟི་གཉིས་པའི་ལས་བཟོ་བ་ཞུའུ་རོང་ཕིན་སོགས་སྔོན་ཐོན་ན་གཞོན་ཉེར་གཅིག་ལ་ཞིང་ཆེན་ཡོངས་ཀྱི་ལས་རྐང་ན་གཞོན་འབྱོན་ཐང་ཅན་གྱི་གཟི་བརྗིད་མཚན་སྙན་གནང་།

2010ལོར། རོགས་འཛུགས་བྱ་བར་ཞུགས་པའི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྱད་པར་ཅན་ལྔ་ཡི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཧུར་ཐག་སྒོས་གུང་གཞོན་ཚོགས་མི་དང་ན་གཞོན་རྣམས་ཀྱིས་གཙོ་ཤུགས་དམག་དཔུང་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་པར་སྣ་ཁྲིད་བྱས་ནས། ཡུལ་ཤུལ་བསྐྱར་འཛུགས་བྱ་བ་སྤུས་ཚད་ལེགས་པའི་སྒོ་ནས་ཡོངས་འགྲུབ་བྱེད་པར་སྟོབས་དང་ལྡན་པའི་ནུས་པ་དང་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས་པར་མ་ཟད། རོགས་འཛུགས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་དང་སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག