མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་གྱིས་གླ་རིན་དམའ་བའི་སྡོད་ཁང་ཨང་གྲངས་ལྟར་བགོ་བཤའ་རྒྱབ་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་གླ་རིན་དམའ་བའི་སྡོད་ཁང་ཨང་གྲངས་ལྟར་བགོས་པ་དང་། ཁྱིམ་ཚང་སུམ་བརྒྱ་ཞེ་གསུམ་སྡོད་ཁང་གསར་བའི་ནང་དུ་གནས་སྤར། གསར་འགོད་པས་ཤེས་གསལ་ལྟར་ན། སྐྱེ་དགུ་གྲོང་རྡལ་ན་གླ་རིན་དམའ་བའི་སྡོད་ཁང་ཁྱོན་བསྡོམས་པས་སྟོང་གཅིག་དང་དྲུག་བརྒྱ་འཛུགས་སྐྲུན་བྱས་ཡོད། དེའི་ཁྲོད་ཀྱི་སྡོད་ཁང་སུམ་བརྒྱ་དང་ཞེ་གསུམ་ལས་ནས་ལེགས་འགྲུབ་བྱུང་ཡོད། ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཚེ་རིང་བཟང་པོས་མཚམས་སྦྱོར་བྱས་པ་ལྟར་ན། གླ་རིན་དམའ་བའི་སྡོད་ཁང་དྲང་བདེན་དང་། འདྲ་མཉམ། ཡོངས་སྒྲགས་བཅས་ཀྱི་སྒོ་ནས་བགོ་བཤའ་བརྒྱག་ཆེད། ཁུལ་སྲིད་གཞུང་གིས་ཁྱིམ་ཚང་སོ་སོའི་ཐོབ་ཐང་ལ་གཟབ་ནན་ངང་ཞིབ་བཤེར་བྱས་རྗེས་ད་བཟོད་ཨང་གྲངས་ལྟར་སྡོད་ཁང་བགོས་པ་ཡིན། དུས་མཚུངས་སུ་གཞུང་ཕྱོགས་དཔང་པོས་ཡུལ་དངོས་སུ་གཞུང་དཔང་བྱས།

ཡུལ་ཤུལ་ཁུལ་གྱི་གླ་རིན་དམའ་བའི་བཟོ་སྐྲུན་ནི་དམངས་གཙོའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། དམངས་སྲིད་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱེད་གྱིན་ཡོད་པ་དང་གོང་རིམ་གྱི་རེ་བ་ལྟར་བཟོ་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་རྗེས་ད་བཟོད་བགོ་བཤའ་བརྒྱབ་ཆོག ཐེངས་འདིར་བགོ་བཤའ་རྒྱབ་པའི་སྡོད་ཁང་སུམ་བརྒྱ་ཞེ་གསུམ་ལས་གཞན་གླ་རིན་དམའ་བའི་སྡོད་ཁང་ལྷག་མ་ད་ལོའི་ལོ་སྨད་དཀའ་ཁག་ཆེ་བའི་མང་ཚོགས་ལ་བཀོད་སྒྲིག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག