མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱེད་པའི་གནད་སའི་ལས་གཞི་དངོས་འབེབས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-31 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་བྱེད་པའི་གནད་སའི་ལས་གཞི་དངོས་འབེབས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཚོང་འགུག་དངུལ་འདྲེན་གྱི་གནད་སའི་ལས་གཞི་དངོས་འབེབས་བྱས་པ་དང་བྱ་བའི་འཕེལ་རིམ་གྱི་གནས་ཚུལ། ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་དཀའ་ཁག་བཅས་ཡར་ཞུ་བྱས་པར་ཉན་པ་དང་། གོམ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ལའོ་ཡུས་ལིན་གྱིས་བསྟན་དོན། ཚོང་འགུག་དངུལ་འདྲེན་ནི་དངུལ་གཏོང་འཕར་སྣོན་བྱེད་པ་དང་སྒྲིག་གཞི་སྙོམ་སྒྲིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུད་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་རྒྱབ་བརྟེན་གལ་ཆེན་ཀྱང་ཡིན། དེང་སྐབས་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་རྒྱུན་ཆད་མེད་པར་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཚོང་འགུག་པའི་དཀའ་ཁག་ཡང་ཡོངས་ཁྱབ་ཏུ་ཇེ་མང་ལ་སོང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་དངུལ་འདྲེན་གྱི་ལས་འགན་ལྗིད་པ་དང་དཀའ་ཁག་མང་བའི་དོན་དངོས་ལ་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ་ནན་ཏན་སྒོས་འགན་ཁུར་བ་གཙོ་བོའི་ལམ་ལུགས་དངོས་འབེབས་བྱེད་པ་དང་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་ད་ལོའི་ལོ་འགོར་གཏན་འཁེལ་བྱས་པའའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ལའོ་ཡུས་ལིན་གྱིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཚོང་འགུག་དངུལ་འདྲེན་བྱ་བའི་ཁྲོད་དུ་གནས་པའི་ས་ཞིང་དང་ཁོར་ཡུག་སྲུང་སྐྱོབ། ཐོན་ཁུངས་སོགས་ཀྱི་གནད་སའི་གནད་དོན་ལ་རེ་རེ་བཞིན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་སྔ་མོ་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། མཚོ་སྔོན་གྱི་་དོན་དངོས་དང་ཟུང་དུ་འབྲེལ་ནས་སྲིད་ཇུས་དང་ཚོང་ར། ཁོར་ཡུག་དང་ཐོན་ལས་སོགས་ཀྱི་ཁྱབ་སྟོབས་གང་ལེགས་སྒོས་འདོན་སྤེལ་བྱས་ནས་མཉམ་འབྲེལ་སྒོས་ཚོང་འགུག་པའི་བྱ་གཞག་ཧུར་ཐག་སྤེལ་དགོས། བྱ་བའི་བསམ་ཕྱོགས་གསར་སྐྲུན་བྱེད་པ་དང་ཚོང་འགུག་པའི་བྱེད་ཐབས་བསྒྱུར་ནས་ཚོང་འགུག་གི་ཁྱབ་ཁོངས་རྒྱ་སྐྱེད་དགོས་པ་མ་ཟད། རྒྱུན་ཆད་མེད་པར་ལས་གཞིར་འཆར་འགོད་ལེགས་པོ་བྱས་ནས་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག