མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་ལས་བྱེད་པ་རོང་འབྲོག་ཁུལ་དུ་མངགས་ནས་རོགས་སྐྱོར་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 09:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་བླང་བྱར་གཞིགས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཁུལ་དང་རྫོང་། ཤང་བཅས་ལས་ཁུངས་ནས་གཅིག་གྱུར་གྱིས་ལས་བྱེད་པ264དང་སྡེ་བ་རེར་ལས་བྱེད་པ4རེ་འདེམ་མངག་བྱས་ཏེ་གཙོ་གནད་རོགས་སྐྱོར་སྡེ་བ66ཏུ་བསྐྱོད། འདེམ་མངག་ལས་བྱེད་པ་སྡེ་བ་བསྐྱོད་རྗེས་ཤང་གྲོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག བྱ་བའི་བཀོད་སྒྲིག་ལྟར་གཞི་རིམ་རྩ་འཛུགས་ཀྱི་གནད་དོན་དང་དབུལ་ཕོངས་གནད་དོན་སོགས་ཐག་གཅོད་བྱས། ད་ལྟ་མི་རིགས་མཐུན་སྒྲིལ་སྔོན་ཐོན་འཕེལ་རྒྱས་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་དང་སྦྲེལ་ནས་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་དང་། ཏང་གི་རོང་འབྲོག་ཁུལ་གྱི་བྱེད་ཐབས་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱས། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ་སྡེ་བ་རིམ་པའི་རྩ་འཛུགས་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ཏང་ཀྲི་པུའུ་འཛུགས་སྐྲུན་བྱ་འགུལ་སྤེལ་ཏེ་སྡེ་བའི“ཨུ་ཡོན་ལྷན་ཚོགས་གཉིས”ཀྱི་འགལ་བ་ཞི་ལྷོད་དང་བརྟན་བརླིང་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་ཞིང་། ལོ་གཅིག་ནས་ལོ་གཉིས་རིང་གཙོ་གནད་རོགས་སྐྱོར་སྡེ་བའི་ཏང་ཀྲི་པུའུ་དེ་སྔོན་ཐོན་ཏང་ཀྲི་པུའུ་དུ་གསར་འཛུགས་བྱེད་པར་ཁག་ཐེག་བྱས་ནས། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ་མངོན་འགྱུར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག