མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ལོ་རེ་བཞིན་མུ་མཐུད་དུ་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་བྱ་དགའི་རོགས་སྐྱོར་ཚད་གཞི་ཇེ་མཐོར་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 09:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་གཟིགས་སྐྱོང་གནང་བ་དང་། བྱ་དགའི་རོགས་སྐྱོར་སྲིད་ཇུས་ཀྱིས་སྔར་ལས་མང་བའི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་ལ་ཕན་ཁེ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས་མུ་མཐུད་དུ་ལམ་ལུགས་འཐུས་ཚང་དུ་བཏང་ནས། འཆར་ལྡན་བུ་སྐྱེས་བྱ་བའི་དམངས་འཚོར་ཞབས་ཞུ་སྒྲུབ་པའི་ཁེ་ཕན་གྱི་ཁ་ཕྱོགས་ཚུལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ཧུར་བརྩོན་གྱིས་སྲིད་ཇུས་དངོས་འབེབས་བྱས་ནས་ལོ་རེ་བཞིན་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་བྱ་དགའི་རོགས་སྐྱོར་ཚད་གཞི་ཇེ་མཐོར་བཏང་། མིག་སྔའི་བར་དུ་མཚོ་སྔོན་གྱིས་བྱ་དགའི་རོགས་སྐྱོར་བྱེད་ཡུལ་མི23578གཏན་འཁེལ་བྱས་ལ། བསྡོམས་པས་བྱ་དགའི་རོགས་སྐྱོར་མ་དངུལ་སྒོར་ཁྲི12850.49བྱིན།

ཞིང་ཆེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། 2004ལོར་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་མི་གྲངས་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་དང་ནོར་སྲིད་པུའུ་ཡིས་ཞིང་སྡེའི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་བྱ་དགའི་རོགས་སྐྱོར་ལམ་ལུགས་ཚོད་ལྟའི་ཞིང་ཆེན་སྐོར་ཞིག་གི་ནང་དུ་གཏན་འཁེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ལོ60ཡན་ལ་སོན་པའི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་ཕ་མར་བྱ་དགའ་བྱིན་ལ། བྱ་དགའི་རོགས་སྐྱོར་ཚད་གཞི་ནི་མི་རེར་ལོ་རེར་སྒོར600ཡིན། 2007ལོར་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་བྱ་དགའ་སྒོར600ཡི་ཚད་གཞིའི་སྟེང་རང་གིས་མ་དངུལ་ཧྲག་བསྡུ་བྱས་ཏེ་བྱ་དགའི་རོགས་སྐྱོར་ཚད་གཞི་དེ་མི་རེར་ལོ་རེར་སྒོར800ལ་ཇེ་མཐོར་བཏང་། 2009ལོར་རྒྱལ་ཁབ་ཀྱིས་ཡང་བསྐྱར་བྱ་དགའི་རོགས་སྐྱོར་ཚད་གཞིའི་སྟེང་སྒོར120ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་བྱ་དགའི་རོགས་སྐྱོར་བྱེད་ཡུལ་གྱི་རོགས་སྐྱོར་ཚད་གཞི་དེ་མི་རེར་ལོ་རེར་སྒོར920ལ་ཇེ་མཐོར་བཏང་། 2010ལོར་རྒྱལ་ཁབ་མི་གྲངས་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་གྱིས་བོད་ཁུལ་གྱི་རོང་འབྲོག་ཁུལ་དུ་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་བྱ་དགའི་རོགས་སྐྱོར་ཚད་གཞི་ལོངས་སྤྱོད་བྱེད་པའི་མི་སྣའི་ལོ་གྲངས་དེ་སྔོན་གྱི་ལོ60ནས་ལོ55ལ་སྔ་བསྣུར་བྱས། 2012ལོར་རྒྱལ་ཁབ་མི་གྲངས་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས་རོང་འབྲོག་ཁུལ་གྱི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་སྐོར་ཞིག་གི་བྱ་དགའི་ཁ་གསབ་ཚད་གཞི་དེ་མི་རེར་ལོ་རེར་སྒོར1160ཇེ་མཐོར་གཏོང་རྒྱུ་ཐག་བཅད་ལ། བྱ་དགའི་རོགས་སྐྱོར་མ་དངུལ་དེ་ཀྲུང་དབྱང་གི80འགན་འཁུར་བ་དང་ཞིང་ཆེན་ནོར་སྲིད་ཀྱིས20འགན་འཁུར་ཡོད། ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག