མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་གསུམ་རིང་མཚོ་སྔོན་གྱི་ཞིང་སྡེའི་ཕྱིར་འགྲིམ་རྩོལ་ལས་པའི་ཡོང་སྒོ་བཅུ་ཆའི་གསུམ་ཙམ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-31 09:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གོ་སྐབས་ཇེ་མང་དུ་སོང་བ་དང་ཟླ་ཕོགས་ཚད་གཞི་མུ་མཐུད་དུ་ཇེ་མཐོར་སོང་བ་སོགས་ཀྱི་དབང་གིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་སྡེའི་སྡོད་དམངས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་ནམ་ཡིན་ཡང་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་བྱས། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཞིང་བ་ལས་བཟོ་བར་ཞིབ་བཤེར་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་གསུམ་པའི་མཇུག་བར་དུ། མཚོ་སྔོན་གྱི་ཞིང་སྡེའི་ཕྱིར་འགྲིམ་ལས་ཞུགས་ངལ་རྩོལ་པས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ལས་ཞུགས་ངལ་རྩོལ་པ་ཡོངས་ཀྱི་བསྡུར་གྲངས་ཀྱི34.4%ཡིན་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཆ17.1འཕར་ཡོད། ཕྱིར་འགྲིམ་ལས་ཞུགས་ངལ་རྩོལ་པའི་ཟླ་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་ནི་སྒོར2891དང་ན་ནིང་གི་དུས་མཉམ་ལས29.7%འཕར་ཡོད།

ཕྱིར་འགྲིམ་ངལ་རྩོལ་པའི་ལས་ཞུགས་ཀྱི་ས་ཁུལ་ལ་གཞིགས་ན། ཞིང་ཆེན་ནང་ཁུལ་དུ་ལས་ཞུགས་བྱས་པའི་ངལ་རྩོལ་པའི་བསྡུར་གྲངས་ཇེ་མང་ལ་སོང་ཡོད་པ་དང་། ཞིང་ཆེན་ཕྱི་ནས་ལས་ཞུགས་བྱས་པའི་ངལ་རྩོལ་པ་ཇེ་ཉུང་དུ་སོང་ཡོད། ཞིང་ཆེན་ནང་ཁུལ་དུ་ལས་ཞུགས་བྱས་པའི་ངལ་རྩོལ་པས་ཕྱིར་འགྲིམ་ངལ་རྩོལ་པ་ཡོངས་ཀྱི་བསྡུར་ཚད་ཀྱི80.4%ཟིན་ཡོད་ལ་དུས་མཉམ་ལས་བརྒྱ་ཆའི་ཆ17.1འཕར་ཡོད། ཞིང་ཆེན་ཕྱི་ནས་ལས་ཞུགས་བྱས་པའི་ངལ་རྩོལ་པས་ཕྱིར་འགྲིམ་ལས་ཞུགས་ངལ་རྩོལ་པ་ཡོངས་ཀྱི་བསྡུར་ཚད་ཀྱི19.6%ཟིན་ལ། དུས་མཉམ་ལས་བརྒྱ་ཆའི་ཆ17.1མར་ཆག

ཕྱིར་འགྲིམ་ངལ་རྩོལ་པ་ལས་ཞུགས་བྱས་པའི་ལས་རིགས་ཐད་ལ་གཞིགས་ན། ངལ་རྩོལ་པ་བཅུ་ཆའི་བརྒྱད་ལྷག་ཞིང་ལས་མ་ཡིན་པའི་ཐོན་ལས་ནང་ཞུགས་ཡོད་པ་དང་། ཐོན་ལས་སྒྲིག་གཞི་ལྟོས་བཅས་ཀྱི་བརྟན་བརླིང་ཡིན། ཐོན་ལས་དང་པོར་ཞུགས་པའི་ངལ་རྩོལ་པས་ཕྱིར་འགྲིམ་ངལ་རྩོལ་པ་ཡོངས་ཀྱི17.8%ཟིན་ལ། ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་ཚད་སོ་སོར49.5%དང32.7%ཡིན།

ཕྱིར་འགྲིམ་ངལ་རྩོལ་པའི་ཡོང་སྒོར་གཞིགས་ན། ཟླ་རེར་ཆ་སྙོམས་སུ་ཡོང་སྒོ་ཇེ་མཐོར་སོང་ཞིང་། ཕྱིར་འགྲིམ་ངལ་རྩོལ་པའི་ཟླ་རེའི་ཆ་སྙོམས་ཡོང་སྒོ་ནི་སྒོར2891ལ་སླེབས་པ་དང་དུས་མཉམ་ལས29.7%འཕར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག