མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་བསྐྱར་བསྐྲུན་གྱི་དཔྱད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཡུལ་ཤུལ་བསྐྱར་བསྐྲུན་སྐོར་ནས་དཔྱད་གླེང་ཚོགས་འདུ་བསྡུས།ཚོགས་འདུའི་ནང་དོན་གཙོ་བོ་ནི། ཡུལ་ཤུལ་བསྐྱར་བསྐྲུན་བྱ་བའི་ལག་ལེན་དངོས་ཀྱི་གོ་རིམ་ཁྲོད་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་གཞུང་ལུགས་ཀྱི་ངོས་ནས་བསམ་གཞིག་དང་དཔྱད་ཞིབ་བྱས་ཏེ། ཡུལ་ཤུལ་བསྐྱར་འཛུགས་ཀྱི་སྤྱིའི་བྱ་བར་ཡང་དག་པའི་སྒོ་ནས་སྤྱི་སྡོམ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅཱ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནངས།

ཚོགས་འདུའི་ཐོག་བསྟན་དོན། ལོ་ངོ་གསུམ་རིང་གི་ཡུལ་ཤུལ་བསྐྱར་བསྐྲུན་བྱ་བར་ཕྱི་མིག་འཕངས་ནས།ཡུལ་ཤུལ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། གོམ་གང་མདུན་སྤོས་སྒོས་ས་ཁུལ་གསུམ་འཛུགས་སྐྲུན་གྱི་ནུས་པ་ཇེ་མཐོར་གཏོང་བ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཆུ་ཚད་ལ་སླེབས་པ་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ཡིད་ཆེས་བརྟན་པོ་འཛུགས་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ཡོད་ལ།ཡུལ་ཤུལ་བསྐྱར་བསྐྲུན་ཁྲོད་ཐོབ་པའི་བྱ་བའི་ཉམས་མྱོང་ལ་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ་བྱས་ཏེ། ཟམ་མ་ཆད་པར་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ས་གནས་ཁག་གི་དྲིལ་སྒྲོག་ལས་ཁུངས་དང་སྤྱི་ཚོགས་ཚན་རིག་སྡེ་ཁག གཞུང་ལུགས་ཆེད་མཁས་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལ་ནན་ཏན་དང་མ་ལག་ཆ་ཚང་བའི་སྒོ་ནས་སློབ་སྦྱོང་བཟང་བོ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ་དང་གཞུང་ལུགས་ཆེ་གྲས་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཀློག་འགྲེལ་བྱེད་ཤུགས་མཐོ་རུ་བཏང་ནས། རིན་ཐང་ཡོད་ལ་ས་རྒྱ་ཆོད་པའི་སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་པ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག