མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐུ་འབུམ་དགོན་པའི་བོད་སྨན་ཁང་གཞི་རིམ་ལ་སོང་ནས་ནད་པར་རྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུའུ་ཡིས་ཉེ་ལམ་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་པ་རྩ་འཛུགས་བྱས་ནས་ན་བཟང་སྡེ་བར་སོང་སྟེ་རིན་མི་དགོས་པར་སྨན་བྱིན་པ་དང་། སྡེ་བ་ཡོངས་ཀྱི་མང་ཚོགས་བཞི་བརྒྱ་ལྷག་ལ་བྱམས་བརྩེ་ངང་རོགས་སྐྱོར་བྱས།

ན་བཟང་སྡེ་བ་ནི་རི་ཁུལ་དུ་ཡོད་པའི་ཧོས་རིགས་སྡེ་བ་ཞིག་ཡིན་ལ། ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་རྗེས་ལུས་ཡིན། ལོ་རེར་ཞང་འཕྲོད་བསྟེན་སྡེ་ཁག་གིས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ནས་ན་བཟང་སྡེ་བར་སོང་སྟེ་རྟག་དཔྱད་བྱེད་བཞིན་ཡོད། ཐེངས་འདིར་སྐུ་འབུམ་དགོན་པའི་བོད་སྨན་ཁང་ན་བཟང་སྡེ་བར་སོང་ནས་བསྡོམས་པས་མི་བཞི་བརྒྱ་ལྷག་ལ་རྟག་དཔྱད་བྱས་པ་དང་རིན་གོང་སྒོར་འབུམ་དྲུག་གི་སྨན་རྫས་བྱིན་པས་རྒྱ་ཆེ་མང་ཚོགས་ཀྱིས་དགའ་བསུ་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག