མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་གྱི་མཚེའུ་གཙོ་བོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་དྲུག་ཅུའི་ཇེ་ཆེར་སོང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་བརྒྱད་ཀྱི་རིང་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པ་བརྒྱུད་ནས། གཙང་གསུམ་འབྱུང་ཡུལ་གྱི་བརླན་སའི་སྐྱེ་ཁམས་སྤྱིའི་ཆ་ནས་སླར་གསོའི་རྣམ་པ་མངོན་ཞིང་། གཙོ་བོ་མཚེའུ་རྒྱུན་མཐུད་ནས་ཇེ་ཆེར་སོང་བ་དང་དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་དྲུག་ཅུའི་འཕར་སྣོན་བྱུང་ཡོད།

གཙང་གསུམ་འབྱུང་ཡུལ་དུ་ཆུ་བོ་དང་མཚེའུ། འདམ་ས་སོགས་ཁྱབ་ཆེ་ཞིང་དེ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་གནས་ཡིན་ལ། མཚོ་ངོས་མཐོ་ཚད་ཆེས་མཐོ་ཞིང་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་གིས་ཁྱབ་ཡོད་ཅིང་། འདམ་ས་ཡིས་ཁེབས་ཚད་རྒྱལ་ཡོངས་ནས་ཆེས་ཆེ་ཤོས་ཡིན་པ་དང་། དེ“ཀྲུང་ཧྭའི་ཆུ་མཛོད”དང“ཨེ་ཤེ་ཡ་གླིང་གི་ཆུ་མཛོད”དུ་གྲགས་པ་རེད། ནམ་ཟླའི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་འོག་ནས་འདས་པའི་ལོ་བཅུ་གྲངས་ལྷག་གི་རིང་ལ་གཙང་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དང་ཆུའི་ཐོན་ཁུངས་ཇེ་ཉུང་། ཆུ་བོ་དང་མཚེའུ་སྐམ་པ་སོགས་སྐྱེ་ཁམས་བདེ་འཇགས་ཀྱི་གནད་དོན་བྱུང་བ་རེད།

མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་ལས་ཀྲུའུ་རིན་གཞོན་པ་ལི་ཞའོ་ནན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། 2005ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་ལྔ་བཏང་སྟེ་སྐྱེ་ཁམས་ལེགས་བཅོས་བྱེད་པའི་ལས་གཞི་རབ་དང་རིམ་པ་སྤེལ་བ་རེད། དེའི་ཁྲོད་དུ་བརླན་སར་སྲུང་སྐྱོབ་དང་ཕྱུགས་སྒྱུར་རྩྭ་འདེབས། རི་བཀག་ནགས་འཛུགས། ས་ཆུ་སྲུང་འཛིན་སོགས་འདུ་བ་རེད། མིག་སྔར་ལས་གཞི་སྐབས་དང་པོའི་ལས་ཀ་ཡོངས་སུ་མཇུག་སྒྲིལ་ལ་ཉེ་ཞིང་།2005ལོ་ནས་བཟུང་གཙང་གསུམ་འབྱུང་ཡུལ་གྱི་མཚེའུ་གཙོ་བོ་སྤྱི་ལེ་གྲུ་བཞི་མ་བདུན་བརྒྱ་དྲུག་ཅུ་འཕར་ཡོད་ལ། རྨ་ཆུའི་འབྱུང་ཁུངས་ཀྱི“མཚེའུ་སྟོང་ལྡན”བརླན་ས་སྤྱིའི་ཆ་ནས་སླར་གསོ་བྱེད་འགོ་ཚུགས་པ་རེད། ཉེ་བའི་ལོ་འགའི་རིང་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་དང་རྩི་ཤིང་ལོ་རེ་བཞིན་སླར་གསོ་བྱུང་ལ། བྱེ་ཐང་ཅན་དུ་འགྱུར་བའི་རྣམ་པ་ཇེ་ལེགས་སུ་སོང་ཞིང་བརླན་སའི་རྒྱ་ཁྱོན་ཇེ་ཆེ་དང་། ཆུ་ཁུངས་ཀྱི་འཚོ་གསོ་ནུས་པ་མཐོར་འདེགས་བྱུང་ལ་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་གྱི་གནས་ཚུལའང་ཇེ་ལེགས་སུ་འགྱུར་བཞིན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག