མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རོང་འབྲོག་པ་མི་ཁྲི6ལྷག་གྲོང་ཁྱེར་དུ་གནས་སྤར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-29 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པའི་དུས་མཚུངས་སུ། མིག་སྔའི་བར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རོང་འབྲོག་པ་མི་ཁྲི6ལྷག་རྩྭ་ཆུ་བསྙེགས་པའི་འཚོ་བ་དང་ཁ་གྱེས་ནས་གྲོང་ཁྱེར་གྱི་འཚོ་བ་གསར་བ་རོལ་མགོ་བརྩམས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་ལ། རང་རྒྱལ་གྱི་མི་དུང་ཕྱུར8ལྷག་གི་འཐུང་ཆུའི་འབྱུང་ཡུལ་ཡང་ཡིན་པ་དང་། ནམ་གཤིས་འགྱུར་བ་དང་ཕྱུགས་ཟོག་ཚད་བརྒལ་སོགས་གནད་དོན་གྱི་ཤུགས་རྐྱེན་འོག རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་དུས་རབས་སྔོན་མའི་ལོ་རབས80ཚུན་དུ་སྐྱེ་ཁམས་གནད་དོན་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད།

2005ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་སྤྱིའི་འཆར་འགོད》ལ་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་ཤིང་། དེར་བསྡོམས་པས་འཛུགས་སྐྲུན་ལས་གཞི22དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར75བཏང་ཡོད།

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་བཤད་རྒྱུར། 《འཆར་འགོད》ཁྲོད་སྐྱེ་ཁམས་གནས་སྤོར་སྡོད་དམངས་ཀྱི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར6.3གཏོང་རྒྱུ་ཡིན་པ་དང་། མིག་སྔར་ཁྱིམ་ཚང10733གྱི་མི55773གྱི་ལས་འགན་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་གཏན་འཁེལ་བྱས་པའི་སྐྱེ་ཁམས་གནས་སྤོར་སྡོད་དམངས་འཛུགས་སྐྲུན་དང་དངུལ་གཏོང་གི་ལས་འགན་ལེགས་འགྲུབ་བྱས་ཡོད། རྒྱལ་ཁབ་ཀྱིས་ད་རུང་མ་དངུལ་སྒོར་དུང་ཕྱུར3.1བཏང་ནས་གྲོང་རྡལ་ཆུང་བ23གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། སྐྱེ་ཁམས་གནས་སྤོར་སྡོད་དམངས་ཁུལ41གི་ཆུ་དང་གློག ལམ་སྒྲོན་སོགས་རྨང་གཞི་སྒྲིག་ཆས་ཆ་སྡེབ་བྱས་པ་མ་ཟད། མ་དངུལ་སྒོར་ཁྲི2500བཏང་ནས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་བཏང་།

2010ལོར། མཚོ་སྔོན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་སྐྲུན་འཚོལ་ཞིབ་བྱེད་པའི་སྐོར་གྱི་བསམ་འཆར་འགའ》དང《རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་ལམ་ལུགས་ཀྱི་ཚོད་ལྟའི་བྱེད་ཐབས》བཏོན། 2011ལོར་ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་སྒོས་མ་དངུལ་སྒོར་དུང་ཕྱུར25བཀོད་སྒྲིག་བྱས་ནས“1+9+3”གྱི་སློབ་གསོའི་འགྲོན་འགན་སྲུང་ཁ་གསབ་དང་ཡུལ་གཞན་ནས་སློབ་སྒྲུབ་བྱེད་པའི་བྱ་དགའི་ཁ་གསབ། རོང་འབྲོག་དམངས་ཀྱི་ནུས་རྩལ་གསོ་སྦྱོང་དང་སྤོ་བསྒྱུར་ལས་ཞུགས། རྩྭ་ཕྱུགས་དོ་མཉམ་ཁ་གསབ། འབྲོག་དམངས་ཀྱི་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ། རོང་འབྲོག་པའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་རོང་འབྲོག་དམངས་ཀྱི་གཞི་རྩའི་འཚོ་བའི་འབར་རྫས་འགྲོ་གྲོན་གསབ་སོགས་ཁ་གསབ་སྲིད་ཇུས7ལག་བསྟར་བྱས་ཏེ། ད་ལྟ་སློབ་མ་ཁྲི22.4དང་རོང་འབྲོག་པ་མི་ཁྲི3.9ལ་ཕན་ཁེ་བསྐྲུན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག