མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དམངས་སྲིད་ཐིན་གྱིས་མ་དངུལ་སྒོར་ཁྲི3490བཏང་བའི་རྒུད་སྐྱོབ་དངོས་ཟོག་སྔ་རྗེས་སུ་མཚོ་སྔོན་གྱི་ས་ཁུལ་སོ་སོར་དབོར་འདྲེན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-29 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྤྱི་ཟླ10བའི་ཟླ་དཀྱིལ་དུ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་རྣམ་པས་མ་དངུལ་སྒོར་ཁྲི3490བཏང་ནས་རྒུད་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱས་པ་མ་ཟད། སྔ་རྗེས་སུ་མཚོ་སྔོན་གྱི་ས་ཁུལ་སོ་སོར་དབོར་འདྲེན་བྱས།

རྒྱུས་ལོན་པ་ལྟར་ན། སྤྱི་ཟླ10བའི་ཟླ་དཀྱིལ་དུ་ཞིང་ཆེན་དམངས་སྲིད་ཐིན་གྱིས་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་སྤྱད་དེ། མ་དངུལ་སྒོར་ཁྲི3490བཏང་ནས་རྒུད་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱས་ལ། དེའི་ནང་ཕྱེ་སྤྱི་རྒྱ་ཁྲི524.0677དང་འབྲས་སྤྱི་རྒྱ་ཁྲི227.0375། ནས་སྤྱི་རྒྱ་ཁྲི318.6215བཅས་ཡོད་ལ། དེར་མ་ཟད་རྒུད་སྐྱོབ་དངོས་ཟོག་དག་སྔ་རྗེས་སུ་ས་ཁུལ་སོ་སོར་དབོར་འདྲེན་བྱས། ས་ཁུལ་སོ་སོའི་དམངས་སྲིད་སྡེ་ཁག་གིས་རྒུད་སྐྱོབ་དངོས་ཟོག་བསྡུ་ལེན་བྱས་རྗེས། གོ་རིམ་ལྟར་མགྱོགས་མྱུར་ངང་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བསྐྱལ་རྒྱུ་ཡིན་པ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་རྒྱུ་རེད། རྒུད་སྐྱོབ་དངོས་ཟོག་ས་ཁུལ་སོ་སོར་འབྱོར་རྗེས། ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་ཁུལ་སོ་སོ་དང་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་ལ་རྒུད་སྐྱོབ་དངོས་ཟོག་སྟེར་བའི་གོ་རིམ་ཚད་ལྡན་དུ་བཏང་ནས། ཡོངས་བསྒྲགས་དང་བདེན་དྲང་དང་དྲང་སྙོམས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ནན་ཏན་སྒོས་རྒུད་སྐྱོབ་དངོས་ཟོག་སྟེར་ཡུལ་དང་དུས་ཚོད་གཏན་འཁེལ་བྱེད་པ་དང་། རྒུད་སྐྱོབ་དངོས་ཟོག་གསོག་ཉར་དང་དུས་བརྒལ་གསོག་ཉར་བྱེད་མི་རུང་བའི་བླང་བྱ་བཏོན། དུས་མཚུངས་སུ། དངོས་ཟོག་བསྡུ་ལེན་རྩིས་ཐོ་བཟོས་ནས་རང་འགུལ་གྱིས་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག