མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བུད་མེད་འཐུས་མི22སྐབས་བཅུ་གཅིག་པའི་རྒྱལ་ཡོངས་བུད་མེད་འཐུས་མི་ཚོགས་ཆེན་ལ་ཞུགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-28 11:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ནས་འདེམ་བསྐོ་བྱས་པའི་བུད་མེད་འཐུས་མི22པེ་ཅིན་དུ་སོང་ནས་ཚེས28ཉིན་ཚོགས་པའི་སྐབས་བཅུ་གཅིག་པའི་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། འཐུས་མི22ནང་བུད་མེད་བྱ་བའི་ཆེད་གཉེར་ལས་བྱེད་པ9དང་དེས་འཐུས་མི་སྤྱི་གྲངས་ཀྱི40.9%ཟིན་ཡོད། དེའི་ནང་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི1དང་ཞིང་ཆེན་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི2ཡོད་ལ། ཁུལ་དང་རྫོང་གི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི6ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་བཟོ་བའི་ལྷན་ཚོགས་དང་ཚོགས་པའི་ཚོགས་མི1བཅས་ཡོད་པ་དང་དེས་འཐུས་མི་སྤྱི་གྲངས་ཀྱི9.1%ཟིན་ཡོད། ལས་རིགས་སོ་སོའི་འཐུས་མི11ཡོད་ལ་དེས་འཐུས་མི་སྤྱི་གྲངས་ཀྱི50ཟིན་ཡོད། དེའི་ནང་ཞིང་ལས་དང་སློབ་གསོ། རིག་གནས་སྒྱུ་རྩལ་བཅས་ཀྱི་འཐུས་མི2རེ་དང་། སྨན་རྫས་འཕྲོད་བསྟེན་དང་ཁྲིམས་ལུགས། བཟོ་ལས། ཚན་རིག་ལག་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་འཐུས་མི1རེ་ཡོད། ཀྲུང་གུང་ཏང་ཡོན20དང་དེས་འཐུས་མི་སྤྱི་གྲངས་ཀྱི90.9%ཟིན་ཡོད། གྲངས་ཉུང་མི་རིགས་ཀྱི་འཐུས་མི10དང་དེས་འཐུས་མི་སྤྱི་གྲངས་ཀྱི45.5%ཟིན་ཡོད། དེའི་ནང་བོད་རིགས5དང་ཧེ་རིགས2། ཧོར་རིགས་དང་ཟ་ལར་རིགས། སོག་རིགས་བཅས་མི1རེ་ཡོད། ཆེད་སྦྱོང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་འཐུས་མི21དང་དེས་འཐུས་མི་སྤྱི་གྲངས་ཀྱི95.45%ཟིན་ཡོད། ཆ་སྙོམས་ཀྱི་ལོ་ཚོད་ནི་ལོ47.8ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག