མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོ76ཏུ་བསླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོས་ཁས་ལེན་དང་བཀོལ་སྤྱོད་ལྟ་ཞིབ་ཚད་ལེན་ཐོབ་པའི་དོ་དམ་བྱེད་ཐབས་ལྟར། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བརྒྱད་ཀྱིས་མཚོ་སྔོན་གཙང་གསུམ་དབྱི་ལིས་ཞིང་ལས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས28ཁས་བླངས་ནས། སྐོར་ཐེངས་བརྒྱད་པའི་ཞིང་ཆེན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོའི་ལས་རིགས་སུ་བཀོད་པས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོ76ཏུ་བསླེབས།

ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་གཙོ་བོ་རྒྱ་བསྐྱེད་དེ། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་བཟང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཞི་ཁྱོན་གཙོ་བོ་རྒྱ་བསྐྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནུས་པ་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་བདག་གཉེར་བྱེད་པར་ཡར་སྐུལ་བྱས་ནས། སྐམ་ལུག་གི་ཤ་དང་། ཁུལ་ལུ། ལོག་དཀར། ཞོག་ཁོག་སོགས་ལས་སྣོན་བྱེད་ས་གཙོ་ཡིན་པ་དང་། འོ་རྫས་དང་། ནས། གཟན་ཆས། སྔོ་ཚོད་སོགས་ལས་སྣོན་བྱེད་པ་གཙོ་ཡིན་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བདག་གཉེར་རྣམ་པ་ཆགས། བསྡོམས་རྩིས་བྱས་པ་ལྟར་ན། ན་ནིང་ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་ཆད་ཀྱི་ཁེ་ལས་གཙོ་བོས་ཕྱིར་ཚོང་ཡོང་སྒོ་སྒོར་མོ་དུང་ཕྱུར45.1མངོན་འགྱུར་བྱས་ནས། རོང་འབྲོག་ཁྱིམ་ཚང་འབུམ་ལྔ་དང་སྟོང་བརྒྱད་སྣེ་ཁྲིད་དེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱས་ཚད35.1%ཏུ་བསླེབས་ཏེ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ་སོགས་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག