མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མའོ་ཞོ་པེན་གྱིས་སྡོད་ཁུལ་གྱི་གློག་སྐས་བཀོལ་སྤྱོད་བྱེད་པའི་བདེ་འཇགས་བྱ་བར་མཐོང་ཆེན་ནན་མོ་བྱེད་དགོས་ཞེས་མཆན་བཀོད་མཛུབ་སྟོན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:27

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ན་ཡོད་པའི་ལོང་ཧྭ་ཡ་ཡོན་སྡོད་ཁུལ་གྱི་གློག་སྐས་ལ་ཆག་སྒོ་བྱུང་བའི་གནས་ཚུལ་གོ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་གྱིས་ཉེ་ལམ་ཟི་ལིང་གྲོང་ཁྱེར་ནས་ཐོག་ཁང་ལས་པའི་གྲངས་ཀ་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པས། གློག་སྐས་བཀོལ་སྤྱོད་བྱེད་པའི་བདེ་འཇགས་བྱ་བར་མཐོང་ཆེན་ནན་མོ་བྱེད་དགོས་ཞེས་མཆན་བཀོད་མཛུབ་སྟོན་བྱས། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞུའུ་གོ་ཁྲིན་གྱིས་ཀྱང་མཆན་འགོད་མཛུབ་སྟོན་བྱས་ནས། རྒྱུ་སྤུས་ལྟ་ཞིབ་ཅུའུ་ཡིས་གློག་སྐས་སོགས་སྒྲིག་ཆས་ལ་སྔར་ལས་ཞིབ་བཤེར་ནན་མོ་བྱེད་དགོས་པ་མ་ཟད། ཉེ་བའི་དུས་སྐབས་ཤིག་གི་གློག་སྐས་བདེ་འཇགས་ཆེ་དོན་ཞིབ་བཤེར་བྱ་བའི་གནས་ཚུལ་ལ་ཆེད་དོན་སྙན་ཞུ་ཕུལ་ནས། ཟླ་བཅུ་བའི་ཚེས་སུམ་ཅུའི་སྔོན་ལ་ལོང་ཧྭ་ཡ་ཡོན་སྡོད་ཁུལ་གྱི་གློག་སྐས་ལ་ཞིབ་བཤེར་ཚད་ལེན་བྱས་པའི་མཇུག་འབྲས་གྲོང་ཁྱེར་ཏང་ཨུའི་ལྟ་ཞིབ་ཁང་ལ་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག