མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ལ་གཏོགས་པའི་ཞིང་ཆེན་རིམ་པའི་ཐོན་ལས་སོ་སོ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཐད་གཏོགས་བཟོ་ཚོགས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་ཞིང་ཆེན་སྤྱིའི་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཞིང་ཆེན་སྤྱིའི་ལས་བྱེད་པ་སློབ་གྲྭ་དང་། ལུས་གསོ་སྨན་ཁང་གི་ཁྲུའུ་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་དང་པོའི་མགོ་ཁྲིད་ཚན་ཁག་ལ་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་མགོ་ཁྲིད་པས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། སློབ་སྦྱོང་གི་མཐོ་རླངས་ཤིག་སློང་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་སྟེང་དུ་གཅིག་གྱུར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། ཡང་དག་པའི་སྒོ་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཆེ་ཕྱོགས་ནས་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དམ་འཛིན་བྱེད་པ། ནན་ཏན་སྒོས་བཟོ་ཚོགས་ཀྱི་འགན་ནུས་ལག་བསྟར་བྱེད་དགོས་པ་དང་། ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས། སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་དགོས་པ་དང་། བཟོ་ཚོགས་ཀྱི་འཕེལ་རྒྱས་ཀྱི་དཀའ་ཁག་གནད་དོན་ཐག་བཅད་དེ། བཟོ་ཚོགས་ཀྱི་ལས་བྱེད་པ་དང་ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ལས་བཟོ་བ་དང་མང་ཚོགས་དང་གཅིག་སེམས་གཅིག་ལ་སྦྲེལ་ནས། དཀའ་ཁག་ཅན་གྱི་ལས་བཟོ་བར་རོགས་སྐྱོར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག