མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱི་ཞིང་བ120000ལྷག་སྡོད་ཁང་གསར་བའི་ནང་དུ་སྤར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:27

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱིས་ས་ཁུལ་རང་གི་དོན་དངོས་དང་། ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ནས། སྟོབས་ཤུགས་ཡོད་དགུས་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་དང་། སྡེ་བའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། ཞིང་སྡེའི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྡོད་གནས་ཀྱི་ཆ་རྐྱེན་ནུས་ཡོད་སྒོས་ཇེ་ལེགས་སུ་བཏང་། ད་ལྟའི་བར་དུ། ཞིང་བ་མང་ཚོགས126300ལྷག་ལ་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་དང་བྱ་དགའ་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་འཛུགས་སྐྲུན་གྱི་ཁེ་ཕན་ཐོབ་པ་དང་། དེའི་ཐད་ལ་སྔ་གཞུག་ཏུ་མ་དངུལ་སྒོར་ཐེར་འབུམ1དང་དུང་ཕྱུར4བཏང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག