མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སློབ་གསོའི་ཐད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ3གྱི་ནང་དུ་ལས་གཞི103དངོས་འབེབས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2010ལོའི་སྤྱི་ཟླ7པར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལས་མགོ་བརྩམས་པ་དང་། པེ་ཅིན་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧྲན་ཏུང་ཞིང་ཆེན་བཅས་ཀྱིས་མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་དང་རྨ་ལྷོ་ཁུལ། མགོ་ལོག་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་ལ་ཁ་གཏད་རོགས་སྐྱོར་བྱས། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས་བཅུ་གསུམ་བཅས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྲིད་ཇུས་དང་མ་དངུལ། ལས་གཞི། མི་ཤུགས། རྒྱུ་ཤུགས་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་སྤྱི་ཟླ10བའི་བར་དུ་མཚོ་སྔོན་ལ་སློབ་གསོའི་ཐད་ནས་རོགས་སྐྱོར་ལས་གཞི1.3དངོས་འབེབས་བྱས་པ་དང་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་དུང་ཕྱུར4.53ལྷག་སླེབས་ཤིང་། མཐོ་འབྲིང་སློབ་མ1500ལྷག་དང་འབྲིང་རིམ་ལས་རིགས་སློབ་མ1900ལྷག་རྩ་འཛུགས་བྱས་ནས་པེ་ཅིན་སོགས་ས་ཆར་བསྐྱལ་ནས་སློབ་སྦྱོང་བྱེད་དུ་བཅུག

རོགས་སྐྱོར་ལས་ཁུངས་སོ་སོས་ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་ཁ་གཏད་རོགས་ཁྲོད་དུ་ཞུགས་པར་འཚོལ་ཞིབ་བྱས་ཏེ། མ་དངུལ་བསྡུ་བ་དང་ཁེ་ལས་ཀྱི་རོགས་སྐྱོར་བྱེད་པར་མཐུན་སྦྱོར་བྱས་ནས་སློབ་མར་རོགས་རམ་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས། དེའི་ནང་དུ་ཐེན་ཅིན་གྲོང་ཁྱེར་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་ཞེ་གཉིས་ལ་མཐུན་སྦྱོར་བྱས་ནས་སྔ་གཞུག་ཏུ་རོགས་སྐྱོར་བྱེད་པའི་ས་ཁུལ་ལ་མ་དངུལ་སྒོར་བྱེ་བ1.5ཞལ་འདེབས་སུ་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག