མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྟོང་སྐོར་རྫོང་གིས་སྡེ་བ་དག་ཐེར་བཅོས་སྐྱོང་ཡར་སྐུལ་དང་གནས་སྤོར་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས་རྫོང་ཡོངས་ཀྱི་དབུལ་ཕོངས་ཞིང་བ་ཁྱིམ་ཚང་གི་སྐོར་ཞིག་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་གིས་སྡེ་བ་དག་ཐེར་བཅོས་སྐྱོང་ཡར་སྐུལ་དང་གནས་སྤོར་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་ཞིང་བ་ཁྱིམ་ཚང་གི་སྐོར་ཞིག་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་།

2013ལོར། སྟོང་སྐོར་རྫོང་གིས་ལིག་ཕན་རི་བའི་དབུལ་ཕོངས་རྫོང་དུ་བཀོད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས45000ལྷག་ལ་དམིགས་ནས། གསར་སྤེལ་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་ཕོངས་ཁྱིམ་ཚང་དེ་དག་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་། ད་ལྟའི་བར་དུ་རྫོང་ཡོངས་སུ་སྡེ་བ་དག་ཐེར་བཅོས་སྐྱོང་ཡར་སྐུལ་བྱེད་པ་དང་གནས་སྤོར་ལས་གཞིར་མ་དངུལ་སྒོར་མོ་བྱེ་བ3.641དངོས་འབེབས་བྱས་ནས། ལས་གཞི་བརྒྱད་ལག་བསྟར་བྱས་ནས། དེར་དབུལ་ཕོངས་སྡེ་བ25དང་། དབུལ་ཕོངས་ཁྱིམ་ཚང5300དང་མི་བསྡོམས་པས20000ལྷག་གཏོགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག