མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ནང་ཆེན་རྫོང་ཉག་ར་ཡུལ་ཚོའི་རྡོ་རོང་མདོ་སྡེ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོར་ཚུད།

རྩོམ་པ་པོ། རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-28 10:54

 སྡེ་བའི་མཛེས་ལྗོངས།

 ཚྭ།

ཚྭ་ཞིང་།

མཛེས་ལྗོངས།

དམར་མདོག་གི་དམངས་སྡོད་ཁང་།

ཐུན་མོང་མ་ཡིན་པའི་མཛེས་ལྗོངས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་དང་རིག་གནས་པུའུ། ནོར་སྲིད་པུའུ་བཅས་མཉམ་འབྲེལ་སྒོས་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་རིམ་པ་གཉིས་པ་ཁྱབ་བསྒྲགས་བྱས་ཤིང་། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཉག་ར་ཡུལ་ཚོའི་རྡོ་རོང་མདོ་སྡེ་བ་ནི་མིང་ཐོ་འདིའི་གྲས་སུ་ཚུད།

རྡོ་རོང་མདོ་སྡེ་བ་ནི་ནང་ཆེན་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་འབྲེལ་འདུག་པ་དང་། གནམ་གཤིས་ཅུང་དྲོད་ལ། ཚྭའི་ལས་རིགས་ནི་ས་གནས་སྡེ་དམངས་ཀྱིས་མི་རབས་ནས་མི་རབས་བར་སྒྲུབ་པའི་གལ་ཆེ་བའི་ཐོན་ལས་ཤིག་ཡིན་ཞིང་། དཀར་མདོག་གི་ཚྭ་ཞིང་དང་རི་སྐེད་ན་ཆགས་པའི་དམར་མདོག་གི་བོད་རིགས་དམངས་སྡོད་ཁང་གཉིས་ལས་མཛེས་སྡུག་ལྡན་པའི་ལྗོངས་རྣམ་ཞིག་ཏུ་གྲུབ་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག