མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་རྟ་རྒྱུག་ཐང་དེ་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བ་དང་ནུས་པ་སྣ་མང་འཛོམ་པའི་རྟ་རྒྱུག་ཐང་ཞིག་ཏུ་གྱུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-27 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས25ཉིན། ཀྲུང་གོ་ཆུ་གློག་སྡེ་ཚོགས་ཡུལ་ཤུལ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཟོ་སྐྲུན་ས་ཁུལ་ལྔ་བས་སྒྲུབ་འགན་འཁུར་བའི་ཡུལ་ཤུལ་རྟ་རྒྱུག་ཐང་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་། དེ་ནི་ཡུལ་ཤུལ་ཁུལ་གྱི་ས་གནས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པར་མ་ཟད། རང་རྒྱལ་ནུབ་བྱང་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བ་དང་ནུས་པ་སྣ་མང་འཛོམ་པའི་རྟ་རྒྱུག་ཐང་ཞིག་ཏུ་གྱུར་ཡོད།

ཀྲུང་གོ་ཆུ་གློག་སྡེ་ཚོགས་ཡུལ་ཤུལ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཟོ་སྐྲུན་ས་ཁུལ་ལྔ་བའི་བཀོད་འདོམས་དཔོན་པོ་ཚའོ་ཆི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྟ་རྒྱུག་ཐང་ནི་ཡུལ་ཤུལ་བསྐྱར་འཛུགས་བཟོ་སྐྲུན་ཁྲོད་ཀྱི་ས་གནས་རང་བཞིན་གྱི་བཟོ་སྐྲུན་ནང་གི་གཅིག་ཡིན་ལ། དེའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་120000ཡོད་ལ། བཟོ་སྐྲུན་མ་དངུལ་སྒོར་བྱེ་བ6ལྷག་བཏང་ཡོད། དེ་ནི་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ཆེས་ཆེ་ཞིང་ནུས་པ་སྣ་མང་འཛོམས་པའི་རྟ་རྒྱུག་ཐང་ཞིག་རེད། 2013ལོའི་སྤྱི་ཟླ5བའི་ཚེས4ཉིན་ལས་མགོ་བརྩམས་པའི་ཚུན་ལ། བཟོ་སྐྲུན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྗིད་པ་སོགས་དཀའ་ཁག་མང་པོའི་མདུན་དུ། ཁོ་ཚོས་ཧུར་ཐག་སྒོས་མི་ཤུགས་རྩ་འཛུགས་བྱེད་པ་དང་། ཚན་རིག་ལྟར་ཇུས་འགོད་བྱས་པའི་དུས་མཉམ་དུ། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་དང་བདེ་འཇགས་ལ་ཁག་ཐེག་བྱས་ནས། ཟླ5ལྷག་གི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་ཏེ། ཚེས25ཉིན་ནས་རྟ་རྒྱུག་ཐང་ཡོངས་སུ་ལས་ནས་གྲུབ་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག