མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་སྐབས་དང་པོའི་ལས་འཛིན་གྲོས་ཚོགས་ཐེངས་གཉིས་པ་དང་ལྟ་ཞིབ་ལས་དོན་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:27


གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་པ་མཱ་ཧྥུའུ་ཧེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཚེས25ཉིན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་སྐབས་དང་པོའི་ལས་འཛིན་གྲོས་ཚོགས་ཐེངས་གཉིས་པ་དང་། ལྟ་ཞིབ་ལས་དོན་ཚོགས་འདུ་ཟི་ལིང་ནས་ཚོགས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་པ་མཱ་ཧྥུའུ་ཧེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ལས་འཛིན་གཞོན་པ་ཞུའུ་ལེན་ཧྲིན་དང་། ལི་བསམ་གཏན། ཀྲིག་ཅན་ཞིན། དྲུང་ཡིག་ཆེན་མོ་ཡའོ་ཧོང་ཀྲུང་སོགས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་ཐེབས་རྩ་ཚོགས་པའི་དྲ་ཚིགས་དང་དྲིལ་སྒྲོག་བརྙན་རིས། སྤྱི་ཕན་བརྡ་ཁྱབ་སོགས་ལ་བལྟས་ནས། དྲུང་ཡིག་ཆེན་མོས་ཕུལ་བའི་ཉིས་སྟོང་བཅུ་གསུམ་ལོའི་བྱ་བའི་སྤྱི་བསྡོམས་དང་ཉིས་སྟོང་བཅུ་བཞི་ལོའི་བྱ་བའི་བཀོད་སྒྲིག་ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། ཐེབས་རྩའི་ནོར་སྲིད་གནས་ཚུལ་ལ་གྲོས་ཞིབ་བྱས།

མཱ་ཧྥུའུ་ཧེ་ཡིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐེབས་རྩ་ཚོགས་པ་ཇི་ལྟར་བཟང་བོར་བསྒྲུབ་དགོས་པའི་ཐད་ལ་གཅིག་ནས་ལོ་གཅིག་རིང་གི་ཐེབས་རྩ་ཚོགས་པའི་བྱ་བ་ཇི་ལྟར་ཡང་དག་པོའི་སྒོ་ནས་འདེང་འཇོག་བྱེད་པ་དང་། གཉིས་ནས་མགོ་ཁྲིད་པའི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཐེབས་རྩ་ཚོགས་པའི་བྱ་བ་བཟང་བོར་སྒྲུབ་པ་དང་སྐྱེ་ཁམས་དཔལ་ཡོན་སྤེལ་བ་དང་ཟུང་དུ་སྦྲེལ་བ། གསུམ་ནས་བློ་གཅིག་སེམས་གཅིག་སྒོས་ཐེབས་རྩ་ཚོགས་པའི་བྱ་བ་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་བཅས་བསམ་འཆར་གསུམ་བཏོན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག