མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མ་ཧྲོན་ཆིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་གྱི་འགན་འཁྲི་དངོས་འབེབས་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་གྱི་འགན་འཁྲི་དངོས་འབེབས་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ནས། དུས་ཚིགས་སྔོན་མ་གསུམ་ལ་ཞིང་ཆེན་ཡོངས་དང་ས་ཁུལ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ད་ལོར་ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བ་སོགས་ཀྱི་གནས་ཚུལ་འོག མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་པ་དང་མཉམ་དུ་དོ་དམ་བྱ་བ་བཟང་བོར་སྒྲུབ་པས། དུས་ཚིགས་སྔོན་མ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུགས་དེ་བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་སུ་སོང་ཞིང་བརྟན་འཇགས་ཁྲོད་དུ་སྤུས་ཚད་ཇེ་མཐོར་འགྲོ་བ་སོགས་ཀྱི་གནས་བབ་བཟང་བོ་བྱུང་། ཡིན་ནའང་ ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ལས་འགན་ལྗིད་ལ་དུས་ཡུན་ཐུང་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པ་དང་དབྱེ་ཞིབ་བྱས་ནས་བྱ་བའི་མཐུན་སྦྱོར་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག