མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ནས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་བསམ་བློ་གཅིག་གྱུར་བྱེད་པ་དང་འགན་འཁྲི་ལག་བསྟར་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམིགས་འབེན་རེ་བ་དུས་ལྟར་མངོན་འགྱུར་བྱས་ཏེ། སྔ་མོ་ནས་འཛུགས་སྐྲུན་བྱ་བ་ཡོངས་འགྲུབ་བྱེད་པར་ཕན་འབྲས་འདོན་དགོས་ཟེར། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གཉིས་པས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་དེས་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ཏུ་འཇུ་ལག་ཆུ་བོ་དང་ཙོང་ཆུ་མཉམ་འདྲེས་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། 2015ལོར་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་ཡོངས་འགྲུབ་དང་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སྟོད་བར་དུ་ནུབ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་བཟོ་སྐྲུན་གཉིས་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས། དམིགས་འབེན་ལས་འགན་དེ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་ཆེད། ཁོངས་གཏོགས་ལས་ཁུངས་སོ་སོས་མགོ་ཁྲིད་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱེད་དགོས་པ་དང་། བཟོ་སྐྲུན་དོ་དམ་བྱ་བ་ཇེ་དྲག་ཏུ་གཏོང་དགོས་ལ། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་དགོས་པ་དང་། དཀའ་ཁག་ཡོད་ཚད་ཁྱད་དུ་བསད་དེ། ཚན་རིག་ལྟར་འཆར་གཞི་འཐེན་པ་དང་། འོས་འཚམ་གྱིས་བྱ་བ་བཀོད་སྒྲིག་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱེད་དགོས་པ་ཐག་གཅོད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག