མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་འཐུས་མི22ཀྲུང་གོའི་བུད་མེད་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞུགས་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-26 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས25ཉིན།  གསར་འགོད་པས་མཚོ་སྔོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་བྱུང་བ་ལྟར་ན།  བུད་མེད22ཞིང་ཆེན་ཡོངས་ཀྱི་བུད་མེད་ཁྲི278ལྷག་དང་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལས་བྱེད་པའི་ཚབ་བྱས་ཏེ་རྒྱལ་ས་པེ་ཅིན་དུ་ཀྲུང་གོའི་བུད་མེད་སྐབས་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞུགས་རྒྱུ་རེད།  ཁ་སང་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ།  ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སའོ་ཉིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ་བུད་མེད་འཐུས་མི22ལ་ཐུགས་འཕྲད་གནང་།

 རྒྱུས་ལོན་པ་ལྟར་ན།  ཀྲུང་གོའི་བུད་མེད་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྤྱི་ཟླ10བའི་ཚེས28ཉིན་ནས་ཚེས31ཉིན་བར་རྒྱལ་ས་པེ་ཅིན་ནས་བསྡུ་རྒྱུ་ཡིན་པ་དང་།  རང་ཞིང་གི་འཐུས་ཚབ22ནང་།  ཆེད་ལས་བུད་མེད་ལས་བྱེད་མི་སྣ9དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བུད་མེད་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཚོགས་པའི་ཁོངས་མི་སོ་སོ་འཐུས་མི1།  ལས་རིགས་སོ་སོ་དང་བྱ་བའི་ལས་གནས་སོ་སོའི་འཐུས་མི11བཅས་འདུས་ལ། དེའི་ནང་།  གུང་ཁྲན་ཏང་ཡོན20དང་།  གྲངས་ཉུང་མི་རིགས་ཀྱི་འཐུས་མི10ཡོད་ལ།  སོ་སོ་བོད་རིགས5དང་ཧུའེ་རིགས2།  ཧོར་རིགས་དང་ས་ལར་རིགས།  སོག་རིགས་་བཅས་ཀྱི་འཐུས་མི་སོ་སོ1ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག