མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་རའི་རིན་གོང་སྙོམས་སྒྲིག་བྱེད་པའི་བྱ་བའི་འབྲེལ་གཏུག་ཚོགས་འདུ་ཐེངས་བཅོ་ལྔ་བ་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་རའི་རིན་གོང་སྙོམས་སྒྲིག་བྱ་བའི་འབྲེལ་གཏུག་ཚོགས་འདུ་ཐེངས་བཅོ་ལྔ་བ་ཚོགས། གྲོས་ཚོགས་ནས་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཆུ་ཚད་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཚོང་རའི་རིན་གོང་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས། གོ་རིམ་རྗེས་མའི་བྱ་བ་གལ་ཆེན་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། རིན་གོང་ཆེས་དམའ་བའི་ཚད་ལས་བརྒལ་མི་རུང་བས། རྒྱུན་ཆད་མེད་པར་མང་ཚོགས་ལ་ཡིད་ཆེས་དགོས་པ་དང་། གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས་པ། མུ་མཐུད་དུ་རིན་གོང་ཚོད་འཛིན་བྱ་བ་བརྟན་འཇགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཆེས་ཆོག་པའི་དོན་དག་ཅིག་བསྒྲུབ་དགོས་པ་དང་། སྲིད་གཞུང་ལ་ཡིད་ཆེས་ཆོག་པའི་མཚན་སྙན་སྲུང་སྐྱོང་བྱས་ནས། དངོས་གོང་གི་ཚད་གཞི་གཏན་འཁེལ་བྱས་པའི་དམིགས་འབེན་ནང་དུ་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ནས་བྱེད་ཐབས་གལ་ཆེན་བརྒྱད་གཏན་ལ་ཕབ། གཅིག་ཕྱོགས་ཡོངས་ནས་རིན་གོང་བརྟན་འཇགས་ཚོད་འཛིན་དམིགས་འབེན་མངོན་འགྱུར་བྱེད་དགོས། གཉིས་རིམ་པ་སོ་སོའི་སྲིད་གཞུང་དང་ཚོང་དོན། ཞིང་ཕྱུགས་སོགས་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་རིན་གོང་སྙོམས་སྒྲིག་ཐེབས་རྩ་བེད་སྤྱད་དེ། རང་ཞིང་གི་ཤ་དང་སྔོ་ཚོད་སོགས་ཟས་རིགས་གཙོ་བོའི་སྣ་ཁ་ཇེ་མང་དུ་གཏོང་བ་དང་རིན་གོང་ཇེ་མཐོར་མི་འགྲོ་བར་བྱེད་དགོས། གསུམ་ཞིང་ཆེན་ཡོངས་ཀྱི་འཆར་གཞི་འཐེན་ནས་འཛུགས་སྐྲུན་བྱས་པའི་གོང་བདེ་བའི་ཚོང་ཁང་བརྒྱ་དང་ལྔ་ཅུས་ཚོང་ཁང་བརྒྱ་དང་སོ་དགུ་བཙུགས་ཟིན་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར།མཚོ་ནུབ་ཁུལ་བཅས་ཀྱིས་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་བཏང་ནས། གོང་བདེ་བའི་ཚོང་ཁང་བཅུ་གཅིག་ད་ལོའི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ་ཚང་མ་ཡོངས་འགྲུབ་བྱས་ནས་ནུས་པ་འདོན་དགོས། བཞི་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་ཅུའུ་སོགས་སྡེ་ཁག་དང་མཉམ་དུ། ཞིང་ཆེན་ཡོངས་ནས་རིན་གོང་མར་ཕབ་ནས་ཚོང་གཤམ་པའི་བྱ་འགུལ་སྤེལ་དགོས། ལྔ་ས་གནས་སོ་སོས་ངེས་པར་དུ་ཟླ་བཅུ་བའི་ཟླ་མཇུག་སྔོན་ལ་མ་མཐའི་འཚོ་བའི་འགན་སྲུང་བྱེད་སའི་གནས་སྐབས་ཀྱི་རིན་གོང་ཁ་གསབ་རྒྱག་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དྲུག་མཚོ་སྔོན་ཉིན་རེའི་ཚགས་པར་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གནས་ཚུལ་རེ་རེ་བཞིན་སྤྱི་ཚོགས་ཡོངས་ལ་གྲོང་ཁྱེར་དང་ཁུལ་སོ་སོའི་ཟས་རིགས་གི་རིན་གོང་ཁྱབ་སྒྲོག་བྱ་བ་དེ་སང་ལོའི་ལྔ་གཅིག་དུས་ཆེན་བར་དུ་ཁྱབ་སྒྲོག་བྱས་ནས།ལྟ་ཞིབ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བདུན་དངོས་གོང་ལྟ་ཞིབ་འབྲེལ་གཏུག་མཐུན་སྦྱོར་ནང་རྐྱེན་བྱ་བ་ལག་བསྟར་བྱས་ནས། ས་གནས་སོ་སོས་ཚོང་རའི་དངོས་གོང་ལ་ལྟ་ཞིབ་བྱེད་མཁན་མང་ཚོགས་ཁྲོད་ནས་བཀོད་སྒྲིག་བྱེད་དགོས་པ་དང་། སྤྱི་ཚོགས་དང་མང་ཚོགས་དངོས་གོང་ལྟ་ཞིབ་བྱ་བར་ཞུགས་པར་སྐུལ་སློང་བྱས་ནས། དངོས་གོང་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། བརྒྱད་རིམ་པ་སོ་སོའི་སྲིད་གཞུང་གི་འགན་ཁུར་གསལ་བོ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་དངོས་གོང་མུ་མཐུད་དུ་བརྟན་འཇགས་ཁྲོད་ནས་མར་ཕབ་ཏེ་ལུགས་མཐུན་དུ་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག