མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ལྕགས་ལམ་ཁོངས་གཏོགས་ལ་གཞོགས་འདེགས་བྱས་ཏེ་ན་གོར་མོའི་སྤྱི་ཟླ10བའི་ཚེས23ཉིན་གྱི་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་མི་སྣ་དུས་ཐོག་ཏུ་མྱུར་སྐྱོབ་བྱས་པ་དང་། ལྕགས་ལམ་སྐྱེལ་འདྲེན་བདེ་བླག་ཡོང་བར་ཁག་ཐེག་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས23ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཅུ་གཅིག་སྟེང་། མཚོ་བོད་ལྕགས་ལམ་ན་གོར་མོ་མེ་འཁོར་ས་ཚིགས་ནས་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། དོན་རྐྱེན་བྱུང་མ་ཐག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་དེར་ཧ་ཅང་མཐོང་ཆེན་བྱས་པར་མ་ཟད་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། དོན་རྐྱེན་ཐག་གཅོད་བཟང་བོ་བྱེད་པ་དང་རྗེས་མཐུད་བྱ་བའི་ཐད་ལ་རེ་བ་དངོས་བཏོན། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ན་གོར་མོ་གྲོང་ཁྱེར་བཅས་ཀྱིས་མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ནས། དོན་རྐྱེན་ཁྲོད་ལུས་པའི་མི་སྣར་མྱུར་སྐྱོབ་བྱས་པ་དང་། ལྕགས་ལམ་ཁོངས་གཏོགས་ལ་ཧུར་ཐག་སྒོས་གཞོགས་འདེགས་བྱས་ནས་དོན་རྐྱེན་བྱུང་རྐྱེན་ལ་རྟོག་ཞིབ་བྱེད་པ་དང་རྗེས་མཐུད་བྱ་བ་བཟང་བོར་བསྒྲུབས། ཤེས་པ་ལྟར་ན། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར་དུ། རྨས་ཚབས་ཆེན་ཐེབས་པའི་མི་གཅིག་མྱུར་སྐྱོབ་བྱས་ཀྱང་གོ་མ་ཆོད་པར་ཚེ་ལས་འདས་པ་ལས་གཞན། མི་ང་ལྔར་རྨས་ཕོག་པ་དང་། མི་ཞེ་དྲག་ལ་རྨས་ཡང་མོ་ཕོག་སྟེ་ད་ལྟ་སྨན་ཁང་ནས་ཕྱིར་ཁྱིམ་དུ་ལོག ད་ལྟ་མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་བདེ་བླག་ཡོང་བར་ཁག་ཐེག་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག