མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་གྱིས་ཁྲིད་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཚོང་དོན་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ་སོགས་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་བཅོ་ལྔ་དང་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དང་དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པའི་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་དྲུག་པ་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས། རྒྱལ་ཁབ་དང་ས་ཁུལ་དོན་གཉིས་དང་། རྒྱལ་ནང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་སོགས་ལས་ཁུངས་ཉེར་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཁྲི་དྲུག་ལྷག་དང་། ཁེ་ལས་པ་སྟོང་བཞི་ལྷག་འགྲེམ་སྟོན་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཁྲིད་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་འགྲེམ་སྟོན་ཚོགས་འདུ་ཞུགས།

འགྲེམ་སྟོན་ཚོགས་འདུ་སྐབས་སུ། ལོ་ཡུས་ལིན་སྔ་གཞུག་ཏུ་ཟི་ཁྲོན་ལོང་མང་སྡེ་ཚོགས་དང་ཟི་ཁྲོན་གཉེན་ཆས་ཐོན་ལས་ས་ཁུལ་སོགས་ཁེ་ལས་དང་བཟོ་ལས་ཐོན་ལས་ས་ཁུལ་དུ་རྟོག་ཞིབ་བྱས། ཁེ་ལས་དང་བཞུགས་མོལ་ཚོགས་འདུ་བསྡུ་སྐབས། ལོ་ཡུས་ལིན་གྱིས་འབྲེལ་ཡོད་ཐོན་རྫས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དེ་མིན་ཐོན་ལས་འབྲེལ་མཐུད་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁེ་ལས་དང་ཐོན་ལས་ས་ཁུལ་གྱིས་ཐོན་ལས་དང་། དེང་རབས་ཞིང་ལས། སྐྱེ་དངོས་ཐོན་ལས།ཆ་འཕྲིོན་ཐོན་ལས་སོགས་ཐད་ནས་མཚོ་སྔོན་ཞིང་ཆེན་དང་མཉམ་ལས་བྱེད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན་པའི་ཞོར་དུ། མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་སྡེ་ཁག་གིས་འགྲེམ་སྟོན་ཚོགས་འདུའི་གོ་སྐབས་དམ་འཛིན་བྱས་ནས། དཔྱད་གཞི་ཡིག་རིགས་འཚོལ་བསྡུ་བྱེད་དགོས་པ་དང་། གནས་ཚུལ་རྒྱུས་ལོན་ཟབ་མོ་བྱེད་པ། རང་འགུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཡོད་པའི་འགྲེམ་སྟོན་དུ་ཞུགས་པའི་ཁེ་ལས་དང་འབྲེལ་གཏུག་བྱེད་དགོས་པ་དང་། ལག་རྩལ་འདུས་ཚད་མཐོ་ཞིང་། དཔེ་སྟོན་གྱི་ནུས་པ་ལྡན་པ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཀྱི་རྣམ་པ་བསྒྱུར་བར་ནུས་པ་གལ་ཆེན་འདོན་ཐུབ་པའི་ལས་གཞི་བཟང་བོ་དང་ལས་གཞི་ཆེན་པོར་ཡར་སྐུལ་བྱས་ནས། དུས་ཐོག་ཏུ་རྗེས་བསྙེགས་དང་འབྲེལ་མཐུད་བྱས་ཏེ་ཚོང་འགུག་དངུལ་འདྲེན་དང་དངུལ་གཏོང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག