མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-25 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས24ཉིན། དཀའ་ངལ་མང་ཚོགས་ཀྱིས་མ་མཐའི་འཚོ་བའི་འགན་སྲུང་སྙན་ཞུ་བྱེད་ཚུལ་དང་དེའི་གོ་རིམ་དང་། མ་མཐའི་འཚོ་བའི་འགན་སྲུང་ལ་སྙན་ཞུ་ཕུལ་བར་ཚང་དགོས་པའི་ཆ་རྐྱེན། ལྔ་སྐྱོང་ཁྱིམ་ཚང་གཉོར་སྐྱོང་ལོངས་སྤྱོད་བྱེད་པར་ཚང་དགོས་པའི་ཆ་རྐྱེན་སོགས་དཀའ་ངལ་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་དག་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་སྲང་ལམ་དུ་འགྲེམ་བྱང་དང་དྲིལ་སྒྲོག་ཡིག་ཆ། དྲིལ་སྒྲོག་རི་མོ། འགེལ་བྱང་སོགས་ཀྱི་རྣམ་པས་སྔར་ལས་མང་བའི་མང་ཚོགས་རྣམས་ལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་བྱེད་དུ་བཅུག ཉིན་འདིར་དམངས་སྲིད་པུའུ་ཡི་གཅིག་གྱུར་གྱི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་དུ་མགོ་བརྩམས་ལ། ཁུལ་དང་ས་གནས། གྲོང་ཁྱེར། རྫོང་བཅས་བཅས་ཀྱིས་དུས་མཉམ་དུ་འབྲེལ་ཡོད་དྲིལ་སྒྲོག་བྱ་འགུལ་སྤེལ།

ཐེངས་འདིའི་དྲིལ་སྒྲོག་གཟའ་འཁོར་གྱིས“ཉི་འོད་རོགས་སྐྱོར་གྱིས་ཁྱིམ་ཚང་ཁྲི་སྟོང་ལ་དྲོད་འཁོལ་བསྐྱལ་བ”བརྗོད་དོན་དུ་བཟུང་སྟེ། དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་སོ་སོའི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་ཤེས་རྟོགས་དབང་ཆ་དང་ཐེ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ཇེ་མཐོར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རོགས་སྐྱོར་བྱ་བའི་མངོན་གསལ་རང་བཞིན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་མང་ཚོགས་ཁྲོད་བསྐྱོད་དུ་འཇུག་རྒྱུ་དེ་ཡིན། བྱ་འགུལ་གྱིས་སྤྱི་ཚོགས་རོགས་སྐྱོར་འགན་སྲུང་ཁྱབ་རྒྱ་རིམ་བཞིན་ཇེ་ཆེར་སོང་ནས་རོགས་སྐྱོར་ལམ་ལུགས་གསར་བ་སྐོར་ཞིག་ལ་མང་ཚོགས་ཀྱི་ཤེས་རྟོགས་མེད་པར་དམིགས་ཏེ། ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས་རོགས་སྐྱོར། གནས་སྐབས་རོགས་སྐྱོར། ཡོང་འབབ་ངོས་འཛིན་སོགས་སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་དག་གཙོ་གནད་དུ་བཟུང་སྟེ། མང་ཚོགས་ཀྱིས་སྤྱི་ཚོགས་རོགས་སྐྱོར་སྣ་ཚོགས་ཀྱི་ཚད་གཞི་དང་སྙན་ཞུ་ཆ་རྐྱེན། ལས་སྒྲུབ་གོ་རིམ་དང་ལྟ་སྐུལ་བྱེད་ཐབས་སོགས་ཤེས་སུ་བཅུག་ནས། རོགས་སྐྱོར་སྲིད་ཇུས་ཁྱིམ་ཚང་ཡོངས་ཀྱིས་ཤེས་རྟོགས་བྱེད་པ་དང་རོགས་སྐྱོར་གོ་རིམ་སྤྱི་བསྒྲགས་བྱེད་པ། རོགས་སྐྱོར་མཇུག་འབྲས་བདེན་དྲང་ཡོང་བ་བཅས་བརྩོན་ལེན་བྱས།

མིག་སྔར། མཚོ་སྔོན་གྱི་སྤྱི་ཚོགས་རོགས་སྐྱོར་གྱི་ཚད་གཞི་མཐོ་བ་དང་ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས་ལ་འགན་སྲུང་བྱས་པ། མཉམ་དུ་འཕར་བ་བཅས་མངོན་འགྱུར་བྱུང་ཡོད་པ་མ་ཟད། ཞིབ་དཔྱད་སྣ་ཚོགས་ཞིབ་ཕྲ་ཅན་དང་མངོན་གསལ་ཅན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཚད་མི་ཁྲི63.3ལ་སླེབས་པ་དང་། གནས་སྐོར་རོགས་སྐྱོར་ལོངས་སྤྱོད་བྱེད་པའི་མི་ཁྲི4.5། ལོ་རེར་ནད་ལྗིད་མོ་ཕོག་ནས་ཞག་སྡོད་རོགས་སྐྱོར་བྱས་པའི་ནད་པ་མི་ཐེངས་ཁྲི11། ལྔ་སྐྱོང་མི་གྲངས་ཁྲི2.3བཅས་ཡོད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག