མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་ཤང་དང་སྡེ་བ། འཚོ་སྡོད་ཁུལ་དུ་བསྐྱོད་ནས་རོགས་སྐྱོར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-25 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཐག་གཅོད་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་རྩ་འཛུགས་སྲིད་དབང་འཛུགས་སྐྲུན་དང་ཤང་གྲོང་གི་གཞི་རིམ་ནུས་པ་ལ་ཤུགས་སྣོན་པ། ཁུལ་ཡོངས་ཀྱི་བཅོས་བསྒྱུར་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཏང་ཡོན་ལས་བྱེད་པ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་ནས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་ཀུན་སྤྱོད་ལ་དག་ཐེར་བྱེད་པ། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པར་ཟུང་སྦྲེལ་བྱེད་ཆེད། སྤྱི་ཟླ10བའི་ཟླ་དཀྱིལ་ནས་བཟུང་། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་མངག་གཏོང་བྱས་པའི་ལས་བྱེད་པ264ཁུལ་ཡོངས་ཀྱི་ཤང་གྲོང44དུ་བསྐྱོད་ནས་བྱ་བར་རོགས་སྐྱོར་བྱས་ལ། ཞིང་ཆེན་དང་ཁུལ། རྫོང་། ཤང་བཅས་ཀྱིས་མངག་གཏོང་བྱས་པའི་ལས་བྱེད་པ210གཙོ་གནད་རོགས་སྐྱོར་སྡེ་བ35ནས་རོགས་སྐྱོར་བྱ་བ་སྤེལ་ལ། ཞིང་དང་ཁུལ། རྫོང་བཅས་ཀྱིས་མངག་གཏོང་བྱས་པའི་ལས་བྱེད་པ57འཚོ་སྡོད་ཁུལ19ནས་རོགས་སྐྱོར་བྱ་བ་སྤེལ། དེ་བས་མགོ་ལོག་ཁུལ་གྱིས་ཤང་དང་སྡེ་བ། འཚོ་སྡོད་ཁུལ་དུ་བསྐྱོད་ནས་རོགས་སྐྱོར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་ཡོད།

ཐེངས་འདིར་མངག་གཏོང་བྱས་པའི་ལས་བྱེད་པ་ཤང་དང་སྡེ་བ། འཚོ་སྡོད་ཁུལ་དུ་བསྐྱོད་ནས་བྱ་བར་རོགས་སྐྱོར་བྱེད་པར་ཁ་གཏད་མངག་གཏོང་དང་ཡུལ་དངོས་སུ་བྱ་བ་སྒྲུབ་པ། དུས་བཅད་ལྟར་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱད་ཡོད། མིག་སྔར་ཞིང་ཆེན་དང་ཁུལ། རྫོང་། ཤང་བཅས་ཀྱིས་མངག་གཏོང་བྱས་པའི་ལས་བྱེད་པ531ཤང་དང་སྡེ་བ། འཚོ་སྡོད་ཁུལ་དུ་བསྐྱོད་ནས་རྟོག་ཞིབ་བྱེད་པ་སོགས་ཀྱི་དུས་སྐབས་སྔོན་མའི་བྱ་བ་སྒྲུབ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག