མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀོས་ནན་རྫོང་གི་འབྲུ་སྣུམ་སྤྱིའི་ཐོན་འབབ་ཏུན་ཁྲི7ལས་བརྒལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-25 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཆར་ཆུ་མོད་པ་དང་ས་གཤིས་ཇེ་གཤིན་དུ་སོང་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཞིང་ལས་ཁུལ་གྱི་རོང་འབྲོག་པར་དམིགས་གཏད་རང་བཞིན་གྱི་སྒོ་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱས་ཤིང་མུ་མཐུད་དུ་རྗེས་འདེད་ཞབས་ཞུ་ལ་ཤུགས་སྣོན་བྱས་པ་དང་། ཐན་ཞོད་དང་གནོད་འབུ་སོགས་རང་བྱུང་གནོད་སྐྱོན་གྱི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས་མུ་མཐུད་དུ་རྩྭ་ཐང་ཞིང་ལས་ས་ཁུལ་གྱི་མཐོ་གྲང་ཁུལ་གྱི་འབྲུ་སྣུམ་ཐོན་སྐྱེད་ཆུ་ཚད་ཇེ་མཐོར་བཏང་ལ། ལོ་ཧྲིལ་བོར་བསྡོམས་པས་ལོ་ཏོག་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ་ཁྲི35.74ལ་སླེབས་ཤིང་། འབྲུ་སྣུམ་སྤྱིའི་ཐོན་འབབ་ཏུན་ཁྲི7.18མངོན་འགྱུར་བྱས་ལ། ཐོན་རིན་སྒོར་དུང་ཕྱུར2.5ལ་སླེབས་པ་དང་ན་ནིང་ལས16.8%འཕར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག