མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་མཚོ་ལྷོ་ཁུལ་གྱི་རྨ་ཆུ་འགྲམ་རྒྱུད་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཁྱད་ཆོས་ཐོན་ལས་དར་སྤེལ་བཟང་བོ་དང་ལས་གཞི་གཙོ་བོ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། ཚ་རྔ་འགག་ཆུ་མཛོད་ཀྱི་འཁྱགས་སྒམ་ནང་ཉ་གསོ་བའི་རྟེན་གཞི་དང་རྨ་ཆུ་འགྲམ་རྒྱུད་ཀྱི་ས་ཞིང་མུའུ་ས་ཡ་གཅིག་གསར་སྤེལ་དང་བཅོས་སྐྱོང་བྱེད་པ། གནས་སྐོར་ཐོན་ལས་སོགས་ལས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཚ་རྔ་འགག་ཆུ་གློག་ས་ཚིགས་དང་ལ་ཟེ་བ་ཆུ་གློག་ས་ཚིག་འཁོར་རྒྱུག་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས།

ཚ་རྔ་འགག་ཆུ་མཛོད་དུ་རྟོག་ཞིབ་བྱེད་སྐབས། ཧའོ་ཕུན་གྱིས་བཤད་རྒྱུར། འཁྱགས་སྒམ་ནང་ཉ་གསོ་བའི་རྟེན་གཞི་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ས་དེའི་ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། ཁོ་ཚོ་ཉ་གསོ་སྤེལ་དང་ལས་སྣོན་ཐོན་ལས་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་དུས་མཉམ་དུ་ས་དེའི་མང་ཚོགས་ལ་ཁེ་ཕན་བསྐྲུན་དགོས་ཟེར།

ཧའོ་ཕུན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུ་འགྲམ་རྒྱུད་ས་ཁུལ་དུ་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པས། ཞིང་ཆེན་དང་ཁུལ། རྫོང་བཅས་སྲིད་གཞུང་གིས་ལས་འགན་གཏན་འཁེལ་གསལ་བོ་བྱེད་པ་དང་། རྩ་འཛུགས་དང་མཐུན་སྦྱོར་བཟང་བོ་བྱས་ཏེ། ཆུ་འདྲེན་ཆ་རྐྱེན་རྩ་བ་ནས་ཇེ་ལེགས་སུ་གཏོང་བ་དང་། རྨ་ཆུ་འགྲམ་རྒྱུད་ས་ཁུལ་གྱི་ས་ཞིང་མུའུ་ས་ཡ་གཅིག་གསར་སྤེལ་དང་བཅོས་སྐྱོང་བྱེད་པའི་ལས་གཞི་སྔ་མོ་ནས་ཡོངས་འགྲུབ་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཧའོ་ཕུན་གྱིས་ད་རུང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཀུང་ཟི་ཚ་རྔ་འགག་གློག་འདོན་ཡན་ལག་ཀུང་ཟི་དང་ལ་ཟེ་བ་གློག་འདོན་ཡན་ལག་ཀུང་ཟི་གཉིས་ལ་རྟོག་ཞིབ་བྱས། ཁོས་ཆུ་གློག་ས་ཚིགས་དེ་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་ཁྱད་སྟོབས་འདོན་སྤེལ་བྱས་ནས། མཆོང་སྐྱོད་ཀྱི་འཕེལ་རྒྱས་ཧུར་ཐག་སྒོས་མངོན་འགྱུར་བྱེད་པ་དང་། མཚོ་སྔོན་གྱི་ནུས་ཁུངས་འཛུགས་སྐྲུན་བྱེད་པའི་ཁྲོད་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།

ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཉམ་དུ་རྟོག་ཞིབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག